འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།ཤིང་འབྲས་ཉིང་མོང་ལ་ཐོན་འབབ་ལེགས་པོ་བྱུང་ནས་ཨེ་ཤེ་ཡ་དང་ཡོ་རོབ་ལ་འཚོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་བའི་ལོ་ཤས་རིང་ཀོང་ཨན་གྲོང་ཁྱེར་ཀོང་ཨན་ཆུས་པའེ་མ་ཤང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དང་ལེན་བྱས་ཏེ་ཤིང་འབྲས་ཉིང་མོང་ཤང་དེའི་ཁྱད་ལྡན་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། “ཀུང་སི+རྟེན་གཞི+ཆེད་ལས་མཉམ་ལས་ཁང+ཞིང་དུད”ཀྱི་བྱ་ཐབས་ལ་བརྟེན་ནས་ཕ་ཡུལ་གཅིག་པས་སྣེ་ཁྲིད་ཁྱབ་འགྱེད་དང་། ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན། མཉམ་ལས་ཁང་གིས་སྣེ་ཁྲིད་སྐུལ་སྤེལ་བཅས་བྱ་རྒྱུ་སྐུལ་སློང་བྱས་ཏེ་མུའུ་12000སར་ཤིང་འབྲས་ཉིང་མོང་བཏབ་པ་རེད། ཤིང་འབྲས་ཉིང་མོང་ཕྱིར་འཚོང་གི་དཀའ་གནད་སེལ་ཆེད་གྲོང་ཁྱེར་དང་ཆུས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་ཞིང་ལས་དང་། ནགས་ལས། ནོར་སྲིད། ཚོང་དོན་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་རྒྱབ་སྐྱོར་འོག་ཤང་དེས་མ་དངུལ་སྒོར་ཁྲི་2000གྲབས་གསོག་བྱས་ཏེ་ཤིང་འབྲས་ཉིང་མོང་གསོག་ཉར་རླུང་སྙོམས་མཛོད་ཁང་བརྒྱབ་པ་མ་ཟད། ཤིང་འབྲས་ཉིང་མོང་གི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་སྟེགས་ཀྱང་བསྐྲུན་ནས་ཤིང་འབྲས་ཉིང་མོང་ཨེ་ཤེ་ཡ་ཤར་ལྷོ་དང་ཡོ་རོབ་ཀྱི་ཁྲོམ་རར་འཚོང་རྒྱུ་རེད།