འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།སྒྱུར་བཅོས་སྒོ་འབྱེད་ཀྱིས་ནུས་ཤུགས་གསར་པ་བཏོན་པ་སྟེ། ཧོ་ཧྥེ་ཡི་བར་བརྒལ་རྣམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྒྱུར་བཅོས་སྒོ་འབྱེད་ཀྱིས་ནུས་ཤུགས་གསར་པ་བཏོན་པ་སྟེ། ཧོ་ཧྥེ་ཡི་བར་བརྒལ་རྣམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ།
     མི་དམངས་དྲ་བའི་འཕྲིན། ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ལྟེ་གནས་གྲོང་ཁྱེར་ཨང་གཉིས་པ་ཡིན་པའི་ཆ་ནས། ཧོ་ཧྥེ་ཡིས་མི་མང་པོར་བློ་ཡུལ་ལས་འདས་པའི་ལས་དོན་འགྲུབ་ཡོད། ལོ་ངོ་40སྔོན་གྱི"ཅང་ཧོའེ་རྫོང་མཁན་ཆུང་ཆུང་"གིས"གོམ་གང་སྔོན་བགྲོད་"བྱེད་པའི་སྒྱུར་བཅོས་ཀྱི་སྤོབས་པར་བརྟེན་ཏེ། ཚན་རིག་ཞིབ་འཇུག་དང་། ཐོན་ལས་གསོ་སྐྱོང་། འཇོན་ཐང་ཅན་འགུགས་འཐེན་བཅས་ཀྱི་ལས་དོན་བསྒྲུབས་མཐར། "གསར་གཏོད་ཀྱི་མཐོ་གནས"སུ་གྱུར་ཡོད། ཚན་རྩལ་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་ཆེན་པོ་བཏོན་པས་ཧོ་ཧྥེ་ལ་མཆོང་བརྒལ་ལྟ་བུའི་འགྱུར་ལྡོག་བྱུང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། GDPལོ་རེའི་ཆ་སྙོམས་འཕར་ཚད་ནི་10.1%ཡིན་པ་དང་། ནོར་སྲིད་ཡོང་འབབ་ལོ་རེ་ལ་ཆ་སྙོམས་12.5%འཕར། ཕྱོགས་བསྡུས་ཀྱི་ནུས་པ་ནི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ལས་ཨང་10ནང་ཚུད་པ་དང་། འབྲི་ཆུའི་འགག་གསུམ་གྱི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་པའི་ལྟེ་བའི་ཡན་ལག་ཏུ་གྱུར། གོང་གི་པར་རིས་ནི་2016ལོའི་ཟླ་4ཚེས་9ཉིན། ཚན་རིག་ཞིབ་འཇུག་པས་ཧོ་ཧྥེ་ཡི་རྒྱལ་ཁབ་ཀྱི་དུས་མཉམ་ཁྱབ་འགྱེད་ཚོད་ལྟ་ཁང་དུ་ཚོད་ལྟ་བྱེད་བཞིན་པ།
【1】  【2】
༄༅།།སྒྱུར་བཅོས་སྒོ་འབྱེད་ཀྱིས་ནུས་ཤུགས་གསར་པ་བཏོན་པ་སྟེ། ཧོ་ཧྥེ་ཡི་བར་བརྒལ་རྣམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ།