འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་29ཉིན།

༄༅།།ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་གནམ་གྲུ་FTC-2000Gའཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་29ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་གནམ་གྲུ་FTC-2000Gའཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཀྱི་གནམ་གྲུ་FTC-2000Gཐོག་མ་དེ་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གནམ་ཐང་ནས་འཕུར་ཐེངས་ཐོག་མ་བྱས་པ་ལམ་ལྷོངས་བྱུང་ཡོད། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་། ཀུའེ་ཀྲོའུ་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཨུ་ལྷན། ཨན་ཧྲུན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་དང་དྲག་དཔོན། མཁའ་འགྲུལ་བཟོ་ལས་ཀུའེ་ཀྲོའུ་གནམ་གྲུ་བཟོ་གྲྭའི་ཞིབ་འཇུག་ནང་ཞུགས་མཁན་ལས་བྱེད་ལས་བཟོ་བཅས་མི་གཅིག་སྟོང་ལྷག་འཕུར་ཐེངས་ཐོག་མའི་མཛད་སྒོར་ཞུགས་པ་རེད།
         གནམ་གྲུ་FTC-2000Gཞིབ་འཇུག་དང་འཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ་དེ་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་གསར་གཏོད་ལ་སྐུལ་འདེད་དང“མཁའ་འགྲུལ་རྒྱལ་ཁབ་སྟོབས་ཆེན”གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་དང་། “མཁའ་ཐོག་དར་ལམ”འཛུགས་སྐྲུན་ཧུར་ཐག་བྱས་ནས། མཁའ་འགྲུལ་བཟོ་ལས་ཀྱི་དམག་དོན་ཚོང་དོན་གྱི་གནམ་གྲུ་ཕྱིར་གཏོང་ཐོན་རྫས་ཀྱི་དབྱིབས་ཕུན་སུམ་ཚོགས་སུ་གཏོང་ཐབས་གལ་ཆེན་ཞིག་ཡིན་ལ། མཁའ་འགྲུལ་བཟོ་ལས་ཀུའེ་ཀྲའོ་གནམ་གྲུ་བཟོ་གྲྭས་ཚོགས་པ་ཀུང་སི་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་དང་། རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོར་དམིགས་པ་དང་སྒོ་འབྱེད་མཉམ་ལས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དམངས་མཉམ་འདྲེས་ཀྱི་མཁའ་འགྲུལ་གོ་མཚོན་སྒྲིག་ཆས་ཚན་ཞིབ་ཐོན་སྐྱེད་མ་ལག་གསར་པ་སྒྲུབ་པ་བཅས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན།