འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་27ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱས་པ།   

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་27ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱས་པ།   
  མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ནས་ཚེས་26ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཀོན་མཆོག་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཨོ་སི་ཁྲུ་ལ་ཡའི་སི་ཉི་དང་ཁན་པེ་ར་རུ་དེ་གའི་ལས་རིགས་སོ་སོ་དང་འབྲེལ་བ་རྒྱ་ཆེར་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཨོ་སི་ཁྲུ་ལ་ཡས་དོ་ཁུར་བྱེད་པའི་གནད་དོན་ལ་འགྲེལ་བཤད་བྱས་པ་རེད། 
    འཐུས་མི་ཚོགས་པས་སི་ཉི་རུ་ཤིང་ནན་ཝེར་ཀྲོའུ་ཡི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཀྲ་ཁཱ་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་དབང་ཏང་གི་གྲོས་ཚོགས་འོག་མའི་གྲོས་མི་ཨ་ལི་ཧྲན་ཏཱ་གཉིས་དང་ཐུག་འཕྲད་བྱས་པ་རེད། ཁན་པེ་ར་རུ་རྒྱལ་སའི་ཁུལ་གྱི་ཁྲིམས་འཛུགས་གྲོས་ཚོགས་ཀྱི་གྲོས་དཔོན་པའོ་ཆི་དང་ངོ་རྒོལ་ཏང་གི་འགོ་ཁྲིད་ཨ་ལི་སི་ཏའེ་ཁོ་ལ་ཐུག་འཕྲད་བྱས་ཤིང་། དུས་མཉམ་དུ་ཀྲུང་ཨོ་སྨྱན་སྦྱོར་དང་ཐུག་འཕྲད་ཚོགས་འདུ་བསྡུས་པ་རེད། དཀོན་མཆོག་རྒྱལ་མཚན་གྱིས་འཐུས་མི་ཚོགས་པའི་མི་སྣ་གཙོ་བོ་ཚང་མ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཡིན་ལ། བོད་ལྗོངས་ཀྱི་འཕོ་འགྱུར་དངོས་སུ་མཐོང་མཁན་དང་བདེན་དཔང་ཐུབ་མཁན་ཡིན་པར་བཤད། ཐེངས་འདིའི་འཚམས་འདྲི་ལ་ཕན་ཚུན་ངོ་ཐུག་ནས་བགྲོ་གླེང་བྱས་པ་བརྒྱུད། ཕྱོགས་གཉིས་ཕན་ཚུན་བར་རྒྱུས་ལོན་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད།