འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་27ཉིན།

༄༅།།བོད་ལྗོངས་ཀྱིས་འཇིམ་རྐོས་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྤེལ་མཁན་ལ་གསོ་སྦྱོང་བྱས་ནས་མཛེས་རྩལ་གྱི་
བྱང་ཚད་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་27ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱིས་འཇིམ་རྐོས་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྤེལ་མཁན་ལ་གསོ་སྦྱོང་བྱས་ནས་མཛེས་རྩལ་གྱི་
བྱང་ཚད་མཐོ་རུ་བཏང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྤེལ་བའི་བོད་ཀྱི་སྲོལ་རྒྱུན་འཇིམ་རྐོས་འཛིན་སྤེལ་མཁན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ལྷ་སར་འཚོགས་པ་རེད། བོད་ལྗོངས་ཀྱི་ས་གནས་ཁག་གི་རིམ་པ་མི་འདྲ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་འཛིན་སྤེལ་མཁན་དང་ལས་ཀ་བྱེད་མཁན་ཚོར་ཟླ་བ་གཅིག་རིང་གི་གསོ་སྦྱོང་བྱ་རྒྱུ་རེད།  ཉིན་དེར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཁོངས་མི། སྐོར་གཟིགས་པ་ཨ་མཁྱེན་གྱིས་གཏམ་བཤད་གནང་ཡོད། ད་ལོའི་ཟླ་6པར། བོད་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་གྱི་བཟོ་རྩལ་དར་སྤེལ་འཆར་གཞི་》སྤེལ་བ་དང་། འཆར་གཞི་འདིའི་ནང"སྲོལ་རྒྱུན་བཟོ་རྩལ་གྱི་འཛིན་སྤེལ་མཁན་ལ་ཟབ་སྦྱོང་གསོ་སྦྱོང་དང་སྤེལ་རེས"བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་ངང་གསོ་སྦྱོང་ནང་ཞུགས་མཁན་མི་ཚོགས་ཀྱི་མཛེས་རྩལ་གྱི་བྱང་ཚད་དང་། དངོས་མིན་རིག་གནས་ཤུལ་བཞག་དང་འབྲེལ་བའི་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ། ལག་རྩལ་དང་ལུགས་མི་འདྲ་བའི་དབར་སྤེལ་རེས་བྱ་རྒྱུ་དེ་ཡིན་པ་རེད།    
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་འཇིམ་རྐོས་ལས་ལ་ཞུགས་མཁན་གྱི་ཕྱོགས་བསྡུས་རིག་གནས་བྱང་ཚད་དང་ཇུས་འགོད་གསར་གཏོད་ནུས་པ་དམའ་བ་དང་། འཇིམ་རྐོས་ལས་རིགས་ཀྱི་འཕེལ་རྒྱས་ནུས་པ་ཞན་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས་པའི་གནད་དོན་སོགས་ལ་དམིགས་ནས། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཛེས་རྩལ་ཚན་ཁག་གིས་ཐེངས་འདིའི་གསོ་སྦྱོང་སློབ་ཚན་ཚན་རིག་གི་ཐོག་ནས་བཀོད་སྒྲིག་བྱས་ཏེ།   རིགས་པའི་གཞུང་ལུགས་ཀྱི་གསལ་འགྲེལ་དང་བཟོ་དབྱིབས་སྦྱོང་བརྡར། སྤེལ་རེས་བགྲོ་གླེང་། ཆེད་དོན་འཆད་ཁྲིད། ལྟ་སྦྱོང་རྟོག་ཞིབ་བཅས་ཁག་ལྔར་བགོས་ནས། ནུས་ཤུགས་ཆེན་པོས་ཐེངས་འདིའི་གསོ་སྦྱོང་བརྒྱུད་ནས། ཁོང་ཚོའི་རིག་གནས་ཐོག་གི་ཡིད་ཆེས་དང་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཇེ་མཐོར་བཏང་བ་རེད།