འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་26ཉིན།

༄༅།།ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་
ཁྲི་9790ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་26ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན། རིག་གནས་དང་ཡུལ་སྐོར་པུས་སྤེལ་བའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ལས་མངོན་པར། ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཡུལ་སྐོར་ཁྲོམ་རའི་སྤྲོད་མཁོ་བརྟན་པོ་དང་ཡུལ་སྐོར་གྱི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པས་གུང་གསེང་རིང་གི་ཡུལ་སྐོར“བདེ་འཇགས་དང་། གོ་རིམ་ལྡན་པ། སྤུས་ལེགས། ནུས་ཆེ། ཤེས་དཔལ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་ཅིང་། གུང་གསེང་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་9790ཟིན་ནས་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་435བྱུང་བ་རེད།
     2018ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཡུལ་སྐོར་ཁྲོམ་རར་གཤམ་གྱི་ཁྱད་ཆོས་དེ་དག་མངོན་པ་སྟེ།
     ལམ་ཐག་ཐུང་བའི་ཁྱིམ་ཚང་ཡུལ་སྐོར་གྱིས་བཟུང་བའི་བསྡུར་ཚད་མཐོ་བ་དང་དམངས་སྲོལ་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར་ལ་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ཟླ་མཆོད་དུས་ཆེན་ནི་དབྱར་དུས་ཀྱི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་དང་རྒྱལ་སྟོན་གྱི་གུང་གསེང་དབར་འཁེལ་ཡོད་པས་ལམ་ཐག་འབྲིང་རིང་གི་ཡུལ་སྐོར་དུ་འགྲོ་མཁན་མང་པོ་མེད་པ་དང་ལམ་ཐག་ཐུང་བའི་ཁྱིམ་ཚང་ཡུལ་སྐོར་དུ་འགྲོ་མཁན་མང་པོ་ཡོད་པ་རེད།
     རིག་གནས་ཡུལ་སྐོར་བྱེད་སྒོར་དུས་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཟླ་མཆོད་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ཤིང་། ཟླ་མཆོད་དུས་ཆེན་རིང་ས་གནས་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་དམིགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་དུས་སྟོན་བྱེད་སྒོ་དང་གུང་གསེང་གི་ཡུལ་སྐོར་ཐོན་རྫས་བཏོན་ནས་ས་གནས་ཁག་གི་ཟླ་མཆོད་ལྒང་བཞུའི་འདུ་ཚོགས་ཐོག་ཟླ་མཆོད་དང་ལྒང་བཞུའི་གབ་ཚིག་འཚོལ་བ་སོགས་དམངས་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་རེད།
     གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་ཅིང་། རིག་གནས་དང་ཡུལ་སྐོར་པུའུ་དེ་བཞིན་ས་གནས་ཁག་གིས་འགན་འཁྲིའི་འདུ་ཤེས་དང་མཐའ་ཚད་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་ལས་དོན་ནན་ཏན་ངང་བསྒྲུབས་ཡོད་པ་དང་། དུས་ཆེན་གོང་དུ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་《2018ལོའི་ཟླ་མཆོད་དང་རྒྱལ་སྟོན་གུང་གསེང་རིང་གི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ་མ་ཟད། བདེ་འཇགས་དང་ཡུལ་སྐོར་གྱི་དྲན་སྐུལ་བྱས་པ་དང་བདེ་འཇགས་ཞིབ་བཤེར་ཡང་བྱས་ཡོད།
     སྤུས་ལེགས་ཡུལ་སྐོར་བསྐྲུན་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་ཡུལ་སྐོར་བའི་ཕྱིར་སྐྱོད་མྱོང་རོལ་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། དུས་ཆེན་རིང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ཏེ་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་ཐོན་རྫས་དེ་བས་ཕུན་སུམ་ཚོགས་པ་དང་། ཞབས་ཞུ་དེ་བས་སྙིང་ཉེ་བ། ལྟ་སྐུལ་དོ་དམ་དེ་བས་ནུས་ལྡན། དྲན་སྐུལ་དེ་བས་དུས་ཐོག་བཅས་བྱུང་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པར་ཡུལ་སྐོར་བས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་རེད།