འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་9ཚེས་18ཉིན་ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི“ཉི་འོད་འོག་ཏུ་འཚར་ལོངས་བྱུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་སྐབས་དྲུག་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་སྤེལ་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་བྱེད་སྒོ་དེ་སྒྱུ་རྩལ་འཁྲབ་སྟོན་རིགས་དང་སློབ་མའི་སྒྱུ་རྩལ་ལག་ལེན་ཁང་གཉིས་སུ་དབྱེ་བའི་ནང་རོལ་ཆ་དང་། མཉམ་གཞས། ཞབས་བྲོ། སྒྱུ་རྩལ་ལག་ལེན་སོགས་ཚུད་ཡོད།
          ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་། པའོ་ཐོའུ་གྲོང་ཁྱེར། ཨའར་ལན་ཧའོ་ཐེ་གྲོང་ཁྱེར་སོགས་མོང་དང་གྲོང་ཁྱེར་གྱི་སློབ་གྲྭ་17གྱི་སློབ་མའི་ཕུལ་བྱུང་སྒྱུ་རྩལ་ལག་ལེན་ཁང་གིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད།