འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཟླ་མཆོད་དུས་ཆེན་དང་
རྒྱལ་སྟོན་དུས་ཆེན་སོགས་ཀྱི་རིག་གནས་བྱེད་སྒོ་ཞིབ་ཚགས་སྤེལ་དགོས་པའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་《ཟླ་མཆོད་དང་། རྒྱལ་སྟོན། དགུ་པའི་ཚེས་དགུ་བཅས་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་སྟེ། དུས་ཆེན་རིང་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
          བརྡ་ཐོའི་ནང་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དར་ཆ་སྒྲེང་བ་དང་། མི་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། གསར་བཟོའི་རང་བཞིན་གཞན་སྒྱུར་དང་གསར་གཏོད་ཀྱི་རང་བཞིན་འཕེལ་རྒྱས་མཐའ་འཁྱོངས། དཔེ་སྟོན་སྐུལ་ཁྲིད་དང་རྒྱ་ཁྱབ་ངང་ཞུགས་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། འདུ་ཤེས་ཀྱི་བྱ་ཐབས་གསར་གཏོད། དུས་རབས་ཀྱི་ཁྱད་ཆོས་དང་གསོན་ཤུགས་ཕུན་སུམ་ཚོགས་པོ་ལྡན་པའི་དུས་ཆེན་གྱི་རིག་གནས་བྱེད་སྒོ་ཇུས་འགོད་ཞིབ་ཚགས་དང་རྒྱ་ཁྱབ་སྤེལ་བ་བཅས་བྱས་ནས་དུས་ཆེན་གྱི་རིག་གནས་དུས་རབས་གསར་པ་དང་དེ་བས་འཚམ་པ་དང་། བླང་བྱ་གསར་པ་དང་མཐུན་པ། རྣམ་པ་གསར་པ་ངོམ་པ་དང་། བྱེད་སྒོའི་ནང་ཞུགས་པ་བརྒྱུད་མི་དམངས་མང་ཚོགས་ལ་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཡོང་བར་བྱེད་པ་དང་སྦྲགས“གདེང་ཚོད་བཞི”བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
          བརྡ་ཐོའི་ནང་ཟླ་མཆོད་དང་། རྒྱལ་སྟོན། དགུ་པའི་ཚེས་དགུ་བཅས་དུས་ཆེན་གྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་ཆེན་རིག་གནས་ཀྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་། དུས་ཆེན་གྱི་རིག་གནས་ནང་དོན་སྔོག་འདོན་བྱེད་དགོས། ཟླ་མཆོད་དུས་ཆེན་རིང་། ནང་མི་ལྷན་འཛོམས་དང་བཀྲ་ཤིས་ལོ་ལེགས་ཀྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་། ཟླ་མཆོད་ལྒང་བཞུའི་འདུ་ཚོགས་དང་། རོལ་དབྱངས་སྙན་ངག་འདུ་ཚོགས། དམངས་སྲོལ་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཞིམ་ཟས་མྱོང་རོལ། གསུང་རབ་གྱེར་འདོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ལ་རོལ་བའི་དུས་ཆེན་གྱི་རྣམ་པ་གཏོད་དགོས། རྒྱལ་སྟོན་དུས་ཆེན་རིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་69འཁོར་བར་རྟེན་འབྲེལ་ཞུ་རྒྱུར་དམ་པོར་དམིགས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་། བརྗོད་དོན་གཙོ་བོའི་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན། ཡིག་གཟུགས་དང་རི་མོ་འབྲི་བ་སོགས་ཀྱི་རྒྱལ་གཅེས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། མི་རྣམས་ཀྱིས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པའི་སྤྲོ་སེམས་དང་སྟོབས་ཤུགས་འཕེལ་བར་བྱེད་དགོས། དགུ་པའི་ཚེས་དགུའི་དུས་ཆེན་རིང་། རྒན་བཀུར་རྒན་སྐྱོང་དང་ཀུན་སྤྱོད་བཟང་ཞིང་བྱམས་བརྩེ་ལྡན་པའི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་བྱས་ནས་འཚམས་འདྲི་དང་། དང་བླངས་ཞབས་ཞུ། ཐང་ཆེན་ཞབས་བྲོ། གླུ་གཞས་འགྲན་བསྡུར་སོགས་ཀྱི་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། རྒན་བཀུར་རྒན་སྐྱོང་གི་སྲོལ་བཟང་དར་སྤེལ་གཏོང་དགོས། བྱེད་སྒོ་སྤེལ་སྐབས་གཙོ་བོ་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་དང་སྤྱི་གླིང་སོགས་ལ་བརྟེན་ནས་གྲོང་ཁྱེར་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་དགོས་པ་དང་། ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་རྒྱུར་དམིགས་ནས་གྲོང་གསེབ་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་དགོས་པ། དྲ་སྦྲེལ་གྱི་འཐབ་ས་སྤྱད་དེ་དྲ་རྒྱའི་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་དགོས་པ། སྤྱི་པའི་རིག་གནས་སྒྲིག་བཀོད་སྤྱད་ནས་དུས་ཆེན་རིག་གནས་ཀྱི་ནུས་པ་བརྒྱུད་བསྒྲགས་བྱེད་དགོས་པ། གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
          བརྡ་ཐོའི་ནང་ས་གནས་ཁག་གི་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་པ། ཤེས་དཔལ་དང་གྲོན་ཆུང་དར་སྤེལ་གཏོང་བ་དང་། མང་ཚོགས་ལ་ཕྱོགས་རྒྱུ་མངོན་གསལ་དོད་པ། བདེ་འཇགས་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་པ། བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་གཏོད་པ་བཅས་བྱས་ནས་དུས་ཆེན་གྱི་རིག་གནས་བྱེད་སྒོ་ཏན་ཏན་ཏིག་ཏིག་སྤེལ་ཏེ་གསོན་ཉམས་དོད་པ་དང་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།