འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་དང་ས་འོག་ལྕགས་ལམ་མེ་འཁོར་གྱི་ཕྱོགས་བཞི་མ་རྐང་ཀུང་སིས་
ཐོན་གསར་པའི་ཐཱན་གྱི་ཚི་སྣའི་ས་འོག་ལྕགས་ལམ་མེ་འཁོར་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་9ཚེས་18ཉིན་འཇར་མན་དུ་གཉེར་བའི་པེར་ལིན་རྒྱལ་སྤྱིའི་འཁོར་ལམ་གྱི་འགྲིམ་འགྲུལ་ལག་རྩལ་འགྲེམས་སྟོན་ཐོག་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་དང་ས་འོག་ལྕགས་ལམ་མེ་འཁོར་གྱི་ཕྱོགས་བཞི་མ་རྐང་ཀུང་སིས་ཐོན་གསར་པའི་ཐཱན་གྱི་ཚི་སྣའི་ས་འོག་ལྕགས་ལམ་མེ་འཁོར་དངོས་སུ་བཏོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མེ་འཁོར་དེ་ནི་རང་རྒྱལ་གྱི་ཐོན་གསར་ཤོས་ཀྱི་ས་འོག་ལྕགས་ལམ་མེ་འཁོར་ཡིན་པ་དང་སྔོན་ཐོན་གྱི་རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་འབོར་ཆེན་ཞིག་སྤྱད་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་དང་། སྐྱིད་སྣང་དོད་པ། རིག་ནུས་སོགས་ཐད་སྲོལ་རྒྱུན་གྱི་ས་འོག་ལྕགས་ལམ་ལས་ཁྱོན་ཡོངས་ནས་རིམ་སྤོར་བྱུང་བ་དང་རང་རྒྱལ་གྱི་ས་འོག་ལྕགས་ལམ་ཁྱབ་ཁོངས་ནང་གི་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད། མེ་འཁོར་དེ་ཁྲོམ་རར་བཏོན་པ་དེས་ས་འོག་ལྕགས་ལམ་མེ་འཁོར་དེ་བས་ལྗང་མདོག་དང་རིག་ནུས་ལྡན་པའི“དུས་རབས་གསར་པར”སླེབས་པ་མཚོན་ཡོད།