འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཡུན་ནན་བདེ་ཆེན་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་གྱུར་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། འཕྲེད་རྒྱུག་རི་རྒྱུད་ཀྱི་རི་ཁུལ་དུ་དབེན་པའི་སྐྱེད་ཚལ་ལྟར་གྱི་མི་རིགས་ཀྱི་གྲོང་སྡེ་ཞིག་ཆགས་ཡོད་པ་སྟེ། དེ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའི་གྲོང་ཚོ་རེད།
           ཉེ་བའི་ལོ་ཤས་རིང་མཐའ་ཆུ་གྲོང་རྡལ་གྱིས་ས་ཁོངས་དེའི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྣེ་ཁ་མང་ལ་ཐུན་མིན་གྱི་མི་རིགས་རིག་གནས་སྤྱད་དེ་སྤྲོ་གསེང་རོལ་རྩེད་གཙོ་བོར་བྱས་པའི“ཞིང་པའི་སྤྲོ་སྐྱིད་ཁང”དང་། “འགྲུལ་ཁང” “ལག་ཤེས་ཐོན་རྫས་བྲིན་ཚོང”སོགས་ཀྱི་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་བཏང་བས། སྔོན་ཆད་དབུལ་ཕོངས་རྗེས་ལུས་ཀྱི་མི་རིགས་གྲོང་སྡེ་དེ་ད་ཆ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད།
         མཐའ་ཆུ་གྲོང་རྡལ་དུ་བོད་རིགས་དང་། རྒྱ་རིགས། ལི་སུའུ་རིགས། འཇང་རིགས། ཕུའུ་སྨི་རིགས་སོགས་མི་རིགས་རྣམས་ཞི་མཐུན་མཉམ་གནས་ངང་འཚོ་གནས་བྱེད་ཀྱི་ཡོད། དེའི་ཁྲོད་དུ་མི་རིགས་ཀྱི་སྐད་མང་པོ་ཤོད་ཤེས་པའི་འཇང་རིགས་ཀྱི་ཁོངས་སུ་གཏོགས་པའི་མ་ལི་མ་ས་བའི་མི་གྲངས་གོ་ལ་ཧྲིལ་པོར་མི་གྲངས་2000ལྷག་ཙམ་ལས་མེད་པ་རེད། ཆི་པིའི་གྲོང་ཚོ་དེ་མཐའ་ཆུ་གྲོང་རྡལ་གྱི་ཤར་ཕྱོགས་སུ་གནས་པ་དང་། གྲོང་ཚོའི་ནང་འཇང་རིགས་གཙོ་བོར་བྱས་པའི་མི་རིགས་6འཚོ་གནས་བྱེད་ཀྱི་ཡོད།
         མཐའ་ཆུ་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་ཀྲན་ཀྲང་ཧོ་ཅིན་ཧྭ་ཡིས་ངོ་སྤྲོད་བྱས་དོན། འདི་གའི་ཐུན་མིན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་གནའ་བོའི་གྲོང་སྡེ་དང་ནགས་ཚལ་སྟུག་པོའི་ཁྲོད་དུ་མི་རིགས་ཀྱི་གནའ་བོའི་གོམས་གཤིས་དང་རིག་གནས་མྱོང་རོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།
         གྲོང་གསེབ་ཏུ་ཡུལ་སྐོར་བྱ་རྒྱུར་དང་དོད་ཆེ་བའི་འཕེལ་ཕྱོགས་དང་བསྟུན་ནས་ཆི་པིའི་གྲོང་ཚོའི་གཞོན་ནུ་ཏང་ཡོན་འཇང་རིགས་ཕོ་གཞོན་ཧོ་ཅན་ཀྲུང་གིས་ན་ནིང་གྲོང་མི་དུད་ཚང་དྲུག་དང་མཉམ་དུ་ཡུལ་སྐོར་ཞབས་ཞུ་ཀུང་སི་ཞིག་གཉེར་བ་ཡིན། དེ་ནས་འགྲུལ་ཁང་དང་། བཟའ་བཏུང་། ཡུལ་སྐོར་བཅས་ཀྱི་ཞབས་འདེགས་ཞུ་ཐུབ་པས་ལོར་ཡོང་འབབ་སྒོར་ཁྲི་50ཙམ་ཡོང་གི་འདུག ཡུལ་སྐོར་བས་རི་ཁུལ་དུ་ཇ་རྟའི་ཚོང་ལམ་དུ་སླར་ཡང་བསྐྱོད་ཆོག་པ་དང་། ད་དུང་བསྲེག་ཟས་ཟ་བ་དང་། གུར་ཕུབ་པ། ཤ་མོ་འཐུ་བ། འབྲས་ཞིང་ནས་ཉ་བཟུང་བ། ནམ་མཁའི་སྐར་ཚོགས་ལ་ལྟ་བ་སོགས་བྱེད་ཆོག་པ་མ་ཟད། དམངས་སྲོལ་འཁྲབ་སྟོན་ཡང་ལོངས་སུ་སྤྱོད་ཆོག་ཅེས་བཤད་པ་རེད།
         “ཀུང་སིས་གྲོང་རྡལ་གྱི་གྲོང་ཚོ་གསུམ་དབར་ཡུལ་སྐོར་གྱི་མཉམ་ལས་གྲོས་མཐུན་བཞག་ཟིན་ཡོད། ཡུལ་སྐོར་བས་མ་ལི་མ་ས་བའི་གསོལ་འདེབས་ཆོ་ག་དང་། ཁམས་ཁུལ་གྱི་རྒྱན་གོས་བཟོ་སྟངས། བོད་རིགས་ཀྱི་རལ་པ་བཅས་ལོངས་སྤྱོད་བྱེད་ཐེངས་རེར་ང་ཚོས་མང་ཚོགས་ལ་སྒོར་2000ཙམ་སྤྲོད་ཀྱི་ཡོད། ད་ཆ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕྱུག་འགྱུར་གྱི་ལམ་བུ་གསར་པར་གྱུར་ཡོད”ཅེས་ཧོ་ཅན་ཀྲུང་གིས་བཤད་པ་རེད།
          ཆི་པིའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་ཆིང་ཀང་གིས་ངོ་སྤྲོད་བྱས་དོན། ད་ཆ་གྲོང་ཚོའི་ནང་ཡུལ་སྐོར་ཀུང་སི་དྲུག་བདུན་ཙམ་ཡོད་པ་དེར་ཉེ་འཁོར་གྲོང་ཚོའི་གྲོང་མི་200ལྷག་ཙམ་ལས་ཞུགས་ཐུབ་ཡོད། མི་རེར་ཟླ་རེར་སྒོར་3000ཙམ་གྱི་གཏན་འཇགས་ཡོང་འབབ་ལེན་རྒྱུ་ཡོད་པས་ཁོང་ཚོ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཕྱུག་འགྱུར་ཐུབ་ཡོད། གཞན་ཡང་གྲོང་མིས་ད་དུང་འཚེམ་དྲུབ་དང་དངུལ་ཆས་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བཟོ་རྒྱུར་མྱོང་རོལ་བྱེད་པར་བརྟེན་ནས་ཡོང་འབབ་གསོག་ཐུབ། “ཐེངས་ཤིག་ཡུལ་སྐོར་བ་ཞིག་གིས་ཉོ་ཐེངས་གཅིག་ལ་སྒོར་6000གི་དངུལ་ཆས་ཉོས་སོང”ཞེས་ཧོ་ཆིང་ཀང་གིས་བཤད་པ་རེད།
         “ད་ཆ་མཐའ་ཆུ་གྲོང་རྡལ་གྱི་ཡུལ་སྐོར་སྒྲིག་ཆས་ཚང་མ་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པས། ཡུལ་སྐོར་བ་མ་ཡོང་བའི་སེམས་ཁྲལ་མེད། གོམ་སྟབས་རྗེས་མར‘ཀུང་སི་དང་། ཐོན་ལས། ཞིང་དུད། ས་ཞིང་དང་ལྡུམ་རའི་ཞིང་གྲོང’བཅས་མཉམ་དུ་འབྲེལ་བའི་རྣམ་པ་སྤྱད་དེ་སྐད་འཕྲིན་སོགས་ཀྱི་ལས་སྟེགས་བརྒྱུད་ལེགས་ཆ་ཧ་ཅང་ཆེ་བའི་གྲོང་གསེབ་ཡུལ་སྐོར་གྱི་འཛད་སྤྱོད་ཐོན་རྫས་གསར་སྤེལ་བྱས་ཏེ་གྲོང་མི་དེ་བས་མང་བ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་ཧོ་ཅན་ཀྲུང་གིས་སྤོབས་སེམས་ཆེན་པོས་བཤད།