འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།བོད་ལྗོངས་ཀྱིས་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་རིམ་སྤོར་འདུ་འགོད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་དང་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཆེད། ཉེ་ཆར་བོད་ཀྱིས་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་རིམ་སྤོར་འདུ་འགོད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2018-2020)བཟོས་ནས་2020ལོར་སླེབས་སྐབས་བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་འགྲོ་རྒྱུའི་བརྩོན་ལེན་བྱས་ནས་བཟའ་བཏུང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་བཏང་སྟེ་མི་དམངས་མང་ཚོགས་ཀྱིས་བཟའ་བཏུང་ཐད་ཀྱི་འཛད་སྤྱོད་ལ་བློ་ཡིད་ཚིམ་ཚད་དང་། བདེ་འཇགས་ཚོར་སེམས། ཐོབ་ཚོར་བཅས་མངོན་གསལ་དོད་པོས་མཐོ་རུ་གཏོང་རྩིས་ཡོད་པ་རེད།
        བོད་ལྗོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་ཇི་ལྟར་བྱས་ནས་མཐོ་རུ་ཏན་ཏིག་གཏོང་རྒྱུའི་ཐད། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་ལོ་གསུམ་རིང་བོད་ཀྱིས་ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་གསར་གཏོད་ཆེན་པོ་བྱས་ནས་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བའི་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་དང་གཞི་ཁྱོན་ལྡན་པའི་ངང་གསོ་ཚགས་བྱེད་པའི་བསྡུར་གྲངས་མཐོ་རུ་གཏོང་རྒྱུ་རེད། གཞན་ཡང་བོད་ལྗོངས་རང་ནས་ཐོན་པའི་སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། འབྲུ་རིགས། སྒོ་ཕྱུགས་དང་ཁྱིམ་བྱ། ཆུ་ཐོན་ཐོན་ཟོག་སོགས་བཟའ་བཅའི་ཞིང་ལས་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་འཐེན་བཤེར་གྱི་སྤྱིའི་ཚད་ལོན་ཚད་ལོ་ལྟར་90%ཡན་བརྟན་པོ་ཡོང་བ་དང་། ཞིང་ལས་ཐོན་ཟོག“སྤུས་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་གྱི་བསྡུར་ཚད་ལོ་ལྟར་10%ཡན་གྱི་མྱུར་ཚད་ཐོག་ནས་རིམ་བཞིན་མང་དུ་འགྲོ་བ། ཤ་ཚལ་གྱི་འཁོར་རྒྱུག་ཁུངས་འདེད་པའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ“བློས་འགེལ་ཆོག་པའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”འཛུགས་རྒྱུ་ཡིན་པ་རེད།
       དེ་དང་དུས་མཚུངས། ད་དུང་བོད་ལྗོངས་ཀྱིས་བཟའ་བཏུང་ཞབས་ཞུའི་ཚན་པས“ཐབ་ཚང་ཕྱི་གསལ་ནང་གསལ”གཏོད་རྒྱུར་རིམ་བཞིན་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད། ལག་ཁྱེར་ལྡན་པའི་གཉེར་སྐྱོང་བྱེད་པོས“ཐབ་ཚང་ཕྱི་གསལ་ནང་གསལ”གཏོད་ཚད་2020ལོའི་ལོ་མཇུག་ཏུ་སྤྱིར་ན་80%ཡན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་གཏོད་རྒྱུ་ཟུང་འབྲེལ་ཐད་ཚད་བརྒལ་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་རེད་ཅེས་བརྗོད་ཡོད།
         བོད་ལྗོངས་ཀྱིས་2018ལོའི་ལོ་མཇུག་གོང་བོད་རང་སྐྱོང་ལྗོངས་རིམ་པ་དང་པོར་གཅིག་གྱུར་གྱི་གྲངས་གཞིའི་ལྟེ་གནས་བསྐྲུན་ཟིན་པ་བྱ་རྒྱུ་དང་། 2019ལོར་ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་སྡེ་ཚན་འཛུགས་རྒྱུ། 2020ལོར་རྫོང་རིམ་པ་དང་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་སྡེ་ཚན་འཛུགས་རྒྱུ་བཅས་དང་དེ་བཞིན་2018ལོའི་ལོ་མཇུག་གོང་སྒུལ་བདེའི་མཐའ་སྣེ་ཁྱབ་གདལ་བཏང་ནས་ས་གནས་ས་ཐོག་ཏུ་ཁྲིམས་འཛིན་དང་བཟའ་བཅའི་གཉེར་སྐྱོང་ཁེ་ལས་ལ་བབ་བསྟུན་ལྟ་སྐུལ་དོ་དམ་དང་དེ་བཞིན་ཚད་འབེབས་རིམ་དབྱེ་སོགས་སྤྱི་བསྒྲགས་བྱ་རྒྱུ་དང་། 2019ལོར་སླེབས་སྐབས་ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་པོར་ཉུང་མཐར་ཡང་སློབ་གྲྭའི་ཟ་ཁང་དང་ལག་ཁྱེར་ལྡན་པའི་བཟའ་བཏུང་ཁེ་ལས་20%ཁྱབ་གདལ་གཏོང་ཐུབ་པ་བྱ་རྒྱུ། 2020ལོར་སླེབས་སྐབས་སློབ་གྲྭའི་ཟ་ཁང་དང་ལག་ཁྱེར་ལྡན་པའི་བཟའ་བཏུང་ཁེ་ལས་60%ཁྱབ་གདལ་བཏང་ནས་ལོ་རེ་བཞིན་ཁྱབ་རྒྱ་ཆེ་རུ་འགྲོ་ཐུབ་པ་བྱ་རྒྱུ་རེད།
        བོད་ལྗོངས་ཀྱིས་ཞིང་ལས་ཐོན་ཟོག་ཁུངས་འདེད་དང་། བཟའ་བཏུང་ཞབས་ཞུའི་ཚད་འབེབས་རིམ་དབྱེ། ཐབ་ཚང་ཕྱི་གསལ་ནང་གསལ། དྲ་རྒྱའི་བཟའ་བཏུང་ལྟ་སྐུལ་དོ་དམ། གྲོང་གསེབ་ཀྱི་ཚོགས་པའི་གསོལ་སྟོན་ལ་ལྟ་སྐུལ་དོ་དམ། ཟ་ཁང་གི་གད་སྙིགས་ལ་ལྟ་སྐུལ་དོ་དམ་སོགས་བཀོལ་སྤྱོད་མ་ལག་དྲུག་སྤྱོད་རྒྱུར་རིམ་པས་སྐུལ་འདེད་བཏང་ནས་འཇུག་འཐུས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་བརྒྱུད་རིམ་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་མཐར“ལྟ་སྐུལ་དོ་དམ་སྡེ་ཚན་དང་། གཉེར་སྐྱོང་བྱེད་པོ། སྤྱི་ཚོགས་ཚོགས་པ་བཅས་ཟུང་འབྲེལ”གྱི་མཉམ་བཅོས་མཉམ་སྡོམ་གྱི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་རེད།