འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།མཚོ་སྔོན་གྱིས“རིག་གནས+”ལ་བརྟེན་ནས་རིག་གནས་ཐོན་ལས་དང་གསར་གཏོད་འཕེལ་རྒྱས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་3རིག་གནས་ཡུལ་སྐོར་དམིགས་ས་གསར་པ་དང་འཕར་གཞིར་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་། རིག་གནས་དང་ཚན་རྩལ་ཟུང་འབྲེལ་བྱས་ནས་བོད་རིགས་ས་ཁུལ་གྱི་མི་རིགས་བཟོ་རྩལ་ཐོན་རྫས་ལ་སྤུས་ཚད་ཁུངས་འདེད་དོ་དམ་མ་ལག་བཙུགས་པ། རིག་གནས་དང་ལུས་རྩལ་ཟུང་འབྲེལ་བྱས་ནས་རིག་གནས་དང་ལུས་རྩལ་རམ་འདེགས་བྱས་ནས་ཚོང་དོན་ཡག་པོ་གཉེར་ཡོད་པ་རེད།
         ད་ལྟ་འཚོག་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། མཚོ་སྔོན་གྱིས་རིག་གནས་དང་ཡུལ་སྐོར་དང་། ལུས་རྩལ། ཚན་རྩལ། བཟོ་བཀོད་སོགས་ཐོན་ལས་དབར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།