འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོར་བྱེ་འགྱུར་རྩྭ་ར་མཛེས་སྡུག་ལྡན་པའི་མེ་ཏོག་ལྡུམ་རར་གྱུར་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མིག་སྔར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འདབ་པ་རྫོང་དུ་ལོ་གཅིག་གི་ནམ་དུས་མཛེས་ཤོས་ཤར་བ་དང་། རི་ཀླུང་ཀུན་ཏུ་རྣམ་པར་བཞད་པའི་མེ་ཏོག་དང་། གནའ་ཉམས་དོད་པའི་བོད་ཁང་། ཅི་དགར་རྒྱུ་བའི་ནོར་ལུག མུ་ལ་མུ་འབྲེལ་གྱི་རི་བོ། ལྷོ་བྱང་དུ་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་སྣང་བ་དེ་ནི་འདབ་པ་རྫོང་གིས་སྣོད་བཅུད་སྲུང་སྐྱོང་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྣམ་གྲངས་ཀྱི་མ་དངུལ་གསར་གཏོད་བསྡུ་སྒྲིལ་བྱས་ཏེ་སྣོད་བཅུད་སླར་གསོ་དང་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འདབ་པ་རྫོང་གྲོང་ནས་སྤྱི་ལེ་7ཙམ་གྱི་སར་གནས་པའི་གསལ་ལ་ཤང་དཔག་སྨད་གྲོང་ཚོའི་ལུང་གཞུང་གི་མུའུ་1500ལྷག་ཟིན་པའི་སྐལ་བཟང་མེ་ཏོག་གི་མཛེས་ལྗོངས་ཡིན་པ།