འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།བོད་ལྗོངས་སྤོ་བོ་རྫོང་གི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དམག་མིས་དཀའ་ངལ་ལ་མ་འཛེམས་པར་གཞུང་ལམ་
བདག་སྐྱོང་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། བོད་དུ་བསྐྱོད་པར་གཞུང་ལམ་གསུམ་དང་ལྕགས་ལམ་གཅིག་བཅས་ཁྱོན་ལམ་བཞི་ཡོད། དེ་དག་ལས་ས་བབ་མཐོ་ཤོས་ནི་ཤིན་བོད་གཞུང་ལམ་རེད། ལམ་ཚད་ཧྲིལ་པོར་སྤྱི་ལེ་2140དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་གཞུང་ལམ་དེར་ས་བབ་མཐོ་ཚད་སྨི་5000ཡན་གྱི་རི་བོ་མཐོན་པོ་5དང་རི་སུལ་16བརྒལ་དགོས་པ་དང་ཆ་སྙོམས་དྲོད་ཚད་-9℃ལས་མེད།
     དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་ལོ་འཁོར་མོར་གཞུང་ལམ་དེ་བརྟན་སྲུང་བྱེད་ཀྱི་ཡོད། ཁོང་ཚོས་ལམ་དེ་བདག་སྐྱོང་ཡག་པོ་བྱ་ཆེད། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བྱེ་རླུང་དང་གྲང་ངར་ལ་མ་འཛེམས་པར་གཞུང་ལམ་དུ་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།