འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།2018ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ཚན་རིག་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཚེས་15ཉིན“གསར་གཏོད་ཀྱིས་དུས་རབས་ཀྱི་སྣེ་ཁྲིད་པ་དང་། བློ་རིག་ལས་འཚོ་བར་འོད་སྣང་སྦྱིན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་2018ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་རྒྱལ་ཡོངས་སུ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ཉིད་ཟླ་འདིའི་ཚེས་21བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།
     “འདི་ནི་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་རང་བཞིན་དང་དམངས་ཡོངས་རང་བཞིན་གྱི་སྤུས་རྟགས་ཚན་རིག་ཁྱབ་གདལ་བྱེད་སྒོ་ཆེ་གྲས་ཡིན་པའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོ་སྤེལ་ཐེངས་15པ་དེ་ཡིན་པ་དང་། སྔོན་དཔག་བྱས་ན་མི་དུང་ཕྱུར་3ཙམ་དྲ་ཐོག་དང་དྲ་ཕྱི་ནས་ཚན་རིག་ཁྱབ་གདལ་བྱེད་སྒོ་ཁྲི་1.8ལྷག་ནང་ཞུགས་རྒྱུ་རེད”ཅེས་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོའེ་ཅིན་ཕེང་གིས་བཤད།
     ཨོ་ལིམ་ཕིག་སྤྱི་གླིང་ཁུལ་དུ་གཉེར་བའི་པེ་ཅིང་ཚན་རིག་དགའ་ནེའུ་དུས་ཆེན་ལ་རྒྱལ་སྤྱིར་ཚན་རིག་ཁྱབ་གདལ་དང་། ཚན་རྩལ་སློབ་གསོ། བློ་རིག་འཚོ་བ་སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་12ཡོད་པ་དང་རྒྱལ་ཁབ་11གི་ཚན་རིག་མཉམ་འགུལ་ཉམས་ལེན་རྣམ་གྲངས་480ངོམ་སྟོན་བྱ་རྒྱུ་ཡིན་པ་རེད།