འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་ཟླ་8པའི་དཔལ་འབྱོར་གྲངས་གཞི་ལས་མངོན་པར། ཐོན་སྐྱེད་ཀྱི་དགོས་མཁོ་བརྟན་པ་དང་། ལས་ཞུགས་དང་ཟོག་གོང་བརྟན་པ། ཕྱོགས་སྒྱུར་རིམ་སྤོར་རྒྱུན་མཐུད། སྤུས་ཚད་དང་ཕན་འབྲས་ལེགས་སུ་ཕྱིན་པ། རྒྱལ་དམངས་དཔལ་འབྱོར་སྤྱིར་ན་བརྟན་པ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བཅས་ཐུབ་ཡོད།
         བཟོ་ལས་ཐོན་སྐྱེད་ཅུང་བསྐྱར་འཕར་བྱུང་བ་དང་ཞབས་ཞུའི་ལས་རིགས་མུ་མཐུད་འཕར་བ། ཟླ་8པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་6.1%དངོས་སུ་འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1གིས་མགྱོགས་པ་དང་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་7.5%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་པའི་ནང་ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་དེ་བཞིན་བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་དུས་མཚུངས་ལས་38.8%དང་9.8%སོ་སོར་འཕར་ཡོད།
         མ་འཇོག་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བཟོ་ལས་འབྲིང་སྟོད་ཕྱོགས་སུ་མུ་མཐུད་འཕེལ་རྒྱས་ཕྱིན་པ། ཟླ་དང་པོ་ནས་བརྒྱད་པའི་བར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་། གོ་མཚོན་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་12.9%དང་9.2%སོ་སོར་འཕར་བ་དང་འཕར་ཚད་དེ་མ་འཇོག་བྱེད་ཚད་ཚང་མ་ལས་བརྒྱ་ཆའི་གྲངས་7.6དང་3.9ཡིས་མགྱོགས་པ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་། གོ་མཚོན་བཟོ་སྐྲུན་ལས་རིགས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཅས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་11.9%དང་། 8.8% 8.8%བཅས་སོ་སོར་འཕར་བ་དང་འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་བརྒྱ་ཆའི་གྲངས་5.4དང་། 2.3 2.3བཅས་སོ་སོར་མགྱོགས་པ་ཡོད་པ་རེད།
         ཁྲོམ་རའི་ཕྱིར་ཚོང་བྱེད་ཚད་མགྱོགས་སུ་ཕྱིན་པ་དང་རིམ་སྤོར་རིགས་ཀྱི་འཛད་སྤྱོད་ཅུང་འཕར་མགྱོགས་པ། ཟླ་8པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་31542ཟིན་པ་དེ་དུས་མཚུངས་ལས་9.0%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཀྱིས་མགྱོགས་པ་དང་། རིམ་སྤོར་རིགས་ཀྱི་ཚོང་ཟོག་གི་ཕྱིར་ཚོང་བྱེད་ཚད་ཅུང་འཕར་མགྱོགས་པ། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་55195ཟིན་པ་དེ་དུས་མཚུངས་ལས་28.2%འཕར་བའི་ནང་དངོས་པོ་དངོས་མིན་པའི་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་13202ཟིན་པ་དེ་27.2%འཕར་བ་བཅས་རེད།
        བརྟག་དཔྱད་བྱས་པ་བརྒྱུད། ལས་ཀ་ཤོར་ཚད་ཆག་ནས་ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ། ཟླ་8པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པ་བརྒྱུད། ལས་ཀ་ཤོར་ཚད་5.0%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་པ་དང་ལོ་གོང་མའི་ཟླ་8པ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད། གྲོང་ཁྱེར་ཆེ་གྲས་31གི་གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པ་བརྒྱུད། ལས་ཀ་ཤོར་ཚད་4.9%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་པ་བཅས་རེད།