འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།པེ་ཅིང་གི་གནམ་ཐང་གསར་པར“པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང”ཞེས་མིང་བཏགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཡོངས་བསྒྲགས་བྱས་དོན། 《ས་མིང་དོ་དམ་སྲོལ་ཡིག་》དང་《དམངས་སྤྱོད་གནམ་ཐང་བེད་སྤྱོད་ཆོག་འཐུས་ཀྱི་གཏན་འབེབས་》སོགས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་མཆན་ཐོབ་རྒྱུའི་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་པེ་ཅིང་གི་གནམ་ཐང་གསར་པར“པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང”ཞེས་མིང་འདོགས་རྒྱུའི་གཏན་འཁེལ་བྱས་པ་རེད། གནམ་ཐང་དང་དེའི་ལེ་ལག་ཚང་བའི་ལས་གྲྭ་སང་ལོའི་ཟླ་6ཚེས་30ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་ཡིན་པ་དང་། སང་ལོའི་ཟླ་9ཚེས་30ཉིན་གཉེར་སྐྱོང་བྱ་རྒྱུ་ཡིན་པ་རེད།
         པེ་ཅིང་གི་གནམ་ཐང་གསར་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཇུས་ཐག་བཅད་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། 2014ལོའི་ཟླ་11པར་རྣམ་གྲངས་ལ་ཞིབ་མཆན་ཐོབ་ཚུན། པེ་ཅིང་གི་གནམ་ཐང་གསར་པའི་ལས་གྲྭ་ཨ་མ་དང་མཉམ་གཉེར་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་གཉེར་སྐྱོང་གྲ་སྒྲིག་ལས་དོན་གྱི་འགོ་ཡག་པོ་ཞིག་ཚུགས་ཡོད་པ་རེད།