འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།དཀྱིལ་ཐང་གྲོང་རྡལ་གྱིས་ཐོན་ལས་དབུལ་སྐྱོར་གྱི་དཔེ་སྟོན་ཁུལ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།དཀྱིལ་ཐང་གྲོང་རྡལ་གྱིས་ཐོན་ལས་དབུལ་སྐྱོར་གྱི་དཔེ་སྟོན་ཁུལ་བཏོད་པ།
          མི་དམངས་དྲ་བའི་འཕྲིན། ཆབ་མདོའི་ཧྲོའུ་དབྱི་རིག་གནས་ཡུལ་སྐོར་སྣོད་བཅུད་གླིང་ནི་དེ་སྔའི་བོད་ཤར་གྱི་དེང་རབས་ཞིང་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་གི་རྨང་གཞིའི་ཐོག་ལེགས་བཅོས་བྱས་པའི་སྣོད་བཅུད་རིག་གནས་ཡུལ་སྐོར་གླིང་ཞིག་རེད། གླིང་དེ་ནི་ཆབ་མདོ་གྲོང་ཁྱེར་དང་ཐེན་ཅིན་པེ་སྨི་མ་ཚོགས་པས་མཉམ་དུ་བསྐྲུན་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་4200ལྷག་བཏང་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་གླིང་དེ་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ཁུལ་ཞིག་ཏུ་ཧུར་ཐག་བསྐྲུན་ནས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་ཡག་པོ་བྱ་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ཆབ་མདོའི་ཧྲོའུ་དབྱི་རིག་གནས་ཡུལ་སྐོར་སྣོད་བཅུད་གླིང་གི་ལས་མིས་ཁམ་བུ་སྐྱེ་ཚུལ་ལ་ལྟ་བཞིན་པ་རེད།