འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཞིབ་འཇུག་སུའོ་ཨང་760ཡི་གེགས་འགོག་
ཉེན་སེལ་གྱི་དཔའ་བོའི་ཚོགས་སྤྱིར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཚེས་14ཉིན་སྤྱི་ཚོགས་ཡོངས་ལ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཞིབ་འཇུག་སུའོ་ཨང་760ཡི་གེགས་འགོག་ཉེན་སེལ་གྱི་དཔའ་བོའི་ཚོགས་སྤྱིའི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་ནས་ཁོང་ཚོར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲད་པ་རེད།
           ཟླ་8ཚེས་20ཉིན། འདི་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་18པ“དབུན་པེ་ཡ”ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་ལྡང་ནས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཞིབ་འཇུག་སུའོ་ཨང་760འགྲམ་དུ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ལས་སྟེགས་ཤིག་ལ་ཉེན་ཁ་འཕྲད་པ་རེད། ཛ་དྲག་གི་དུས་སུ་ཞིབ་འཇུག་སུའོ་ཨང་760ཡི་ཏང་ཨུད་ཀྱི་ཨུ་ཡོན་སུའོ་ཀྲང་གཞོན་པ་ཧོང་ཆུན་སོགས་བློ་མཐུན་17གྱིས་རྒྱ་མཚོའི་རླུང་འཚུབ་དང་རྦ་རླབས་ཆེན་པོར་མི་འཛེམ་པར་ཚོད་ལྟའི་ལས་སྟེགས་བརྟན་དུ་གཏོང་སྐབས་རྦ་རླབས་ཆེན་པོ་འཕྱུར་ཏེ་ཧོང་ཆུན་དང་། སུང་གཡོད་ཚའེ། ཅང་ཁའེ་པིན་བཅས་མཚོའི་ནང་དུ་ལྷུང་ནས་རང་སྲོག་ཤོར་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱིས་ཏང་ལ་བློ་དཀར་སེམས་དཀར་དང་། རང་འགན་གཙང་སྒྲུབ། རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་བཅས་ཀྱི་ཕུལ་བྱུང་གི་སྤྱོད་ཚུལ་ལེགས་པར་མངོན་པ་དང་རྩ་ཆེའི་ཚེ་སྲོག་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི“ཏང་དང་མི་དམངས་ཆེད་དུས་དང་རྣམ་པ་ཀུན་ཏུ་རང་སྲོག་བློས་གཏོང་བྱེད་པའི”ཐོག་མའི་བསམ་འདུན་དང་དམ་བཅའ་ལག་བསྟར་བྱས་པས་ཁོང་ཚོ་ནི་གུང་ཁྲན་ཏང་ཡོན་གྱི་ཕུལ་བྱུང་འཐུས་མི་དང་དུས་རབས་ཀྱི་མིག་དཔེ་ཞིག་རེད་ཅེས་བསྔགས་བརྗོད་གནང་བ་རེད།
         ཉེ་དུས། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཞིབ་འཇུག་སུའོ་ཨང་760ཡི་གེགས་འགོག་ཉེན་སེལ་གྱི་དཔའ་བོའི་ཚོགས་སྤྱིའི་སྔོན་ཐོན་བྱས་རྗེས་གསར་འགྱུར་སྨྱན་སྦྱོར་གྱིས་རྒྱ་ཁྱབ་ངང་སྤེལ་རྗེས། སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དམག་དོན་བཟོ་ལས་ཁེ་ལས་ཀྱི་ལས་བཟོས་བྱ་ཐབས་སྣ་མང་སྤེལ་ནས་ཁོང་ཚོར་གུས་བཀུར་དང་མྱ་ངན་ཞུས་པ་རེད། ཚང་མས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཞིབ་འཇུག་སུའོ་ཨང་760ཡི་གེགས་འགོག་ཉེན་སེལ་གྱི་དཔའ་བོའི་ཚོགས་སྤྱིའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གང་ལེགས་མངོན་པ་དང་ལས་བྱེད་མང་ཚོགས་ཚོར་དམར་མདངས་བཀྲ་བའི་སྙིང་སྟོབས་ཀྱི་དར་ཆ་ཞིག་བཙུགས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།