འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།ཉ་གྲུ་གྲུ་ཁར་ལོག་ནས“ཧྲན་ཀྲུའུ”ཞེས་པའི་རྒྱ་མཚོའི་རླུང་འཚུབ་ལ་གཡོལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཉ་གྲུ་གྲུ་ཁར་ལོག་ནས“ཧྲན་ཀྲུའུ”ཞེས་པའི་རྒྱ་མཚོའི་རླུང་འཚུབ་ལ་གཡོལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ལི་མདོག་ཉེན་ཟོན་སྔོན་བརྡ་བཏང་བ་དང་། སྔོན་དཔག་ལྟར་ན། འདི་ལོའི“ཧྲན་ཀྲུའུ”ཞེས་པའི་རྒྱ་མཚོའི་རླུང་འཚུབ་ཨང་22པ་ཟླ་9ཚེས་16ཉིན་གྱི་མཚན་མོ་ཀོང་ཏུང་གི་ཤར་ནུབ་རྒྱུད་ནས་ཧའེ་ནན་གླིང་ཕྲན་བྱང་ཤར་རྒྱུད་ཀྱི་རྒྱ་མཚོའི་ཁུལ་བར་ལྡང་རྒྱུ་ཡིན་པ་དང་། རླུང་འཚུབ་ལྡང་སྐབས་རླུང་ཤུགས་རིམ་པ་རྒྱ་མཚོའི་རླུང་འཚབ་ཆེན་པོའམ་ཡང་ན་ཧ་ཅང་ཆེན་པོ་སྟེ། རིམ་པ་14ནས་16བར་ཡིན་པ་རེད། གསར་འགོད་པར་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ཡ་ཀྲོའུ་ལྟེ་གནས་ཀྱི་ཉ་འཛིན་གྲུ་ཁ་ནས་མཐོང་གསལ། ཉ་གྲུ་700ལྷག་ཙམ་གྲུ་ཁར་ལོག་ནས“ཧྲན་ཀྲུའུ”ཞེས་པའི་རྒྱ་མཚོའི་རླུང་འཚུབ་ལ་གཡོལ་ཞིང་། གོང་གི་པར་རིས་ནི་ཟླ་9ཚེས་14ཉིན། ཉ་གྲུ་མང་པོ་ཞིག་སན་ཡ་ཡ་ཀྲོའུ་ལྟེ་གནས་ཀྱི་ཉ་འཛིན་གྲུ་ཁར་ལོག་ནས་རྒྱ་མཚོའི་རླུང་འཚུབ་ལ་གཡོལ་བའི་གནས་ཚུལ་ཡིན་པ་རེད།