འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ལོ་32རིང་རྒྱལ་ཁབ་ཀྱི་གླིང་ཕྲན་སྲུང་སྐྱོབ་བྱས་པ། 

—— ཅང་སུའུ་ཞིང་ཆེན་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་གྱི་ཡུལ་དམག་སོ་ལྟ་ཁང་གི་སུའོ་ཀྲང་འདས་པོ་ཝང་ཅི་ཚའེ་ཡི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ལོ་32རིང་རྒྱལ་ཁབ་ཀྱི་གླིང་ཕྲན་སྲུང་སྐྱོབ་བྱས་པ།
            མི་དམངས་དྲ་བའི་འཕྲིན། ཉི་མར་ཁ་ཕྱོགས་ནས་སྐར་ལྔའི་དར་དམར་ཁའེ་ཧྲན་གླིང་ཕྲན་དུ་དལ་བུར་བསྒྲེངས། རྒྱ་མཚོའི་རླུང་བུ་འུར་འུར་དུ་ལྡང་སྐབས་རྒྱལ་དར་གཡོ་བའི་སྐད་སྒྲ་དེ་བས་ཤུགས་ཆེར་གྲགས།
               གསར་དུ་སླེབས་པའི་སོ་དམག་གིས་དལ་བུར་སྒྲེང་བའི་རྒྱལ་དར་ལ་ཕྱོགས་ནས་གུས་འདུད་ཞུས། ད་ཐེངས་ནི་ལོ་32རིང་རྒྱལ་དར་འདི་སྒྲེང་སྐབས་ཝང་ཅི་ཚའེ་མེད་ཐེངས་ཐོག་མ་རེད། སོ་དམག་གིས་ཝང་ཅི་ཚའེ་ཡིས་ཐག་རིང་ནས་རྒྱལ་དར་ལ་མིག་ཧྲིག་གེར་ལྟ་གིན་ཡོད་ཤག་རེད། “ཁོང་ང་ཚོ་དང་ནམ་ཡང་མཉམ་དུ་གནས་ངེས་རེད”ཅེས་བཤད།
           དུས་ཀྱི་འཁོར་མདའ་ལོ་32གོང་དུ་ཕྱིར་ལྡོག་བྱེད་སྐབས་ཝང་ཅི་ཚའེ་དང་ཁོང་གི་བཟའ་ཟླ་ཝང་ཧྲེ་ཧྭ་ཡིས་དྲག་ཆར་རླུང་འཚུབ་ལ་མ་འཛེམ་པར་རྡོ་སྐས་སིའུ་208འཛེག་སྐབས་རྒྱལ་དར་སྲུང་སྐྱེལ་བྱེད་པ་དང་། ཞོགས་པའི་སྐྱ་རེངས་བསུ་བཞིན་རྒྱལ་དར་དལ་བུར་སྒྲེང་སྐབས་གཟབ་ནན་གུས་བཀུར་ངང་ཀྲོང་ངེར་ལངས་པ་དང་གཟི་བརྗིད་ལྡན་པའི་སྒོ་ནས་གུས་འདུད་ཞུ་ཡི་ཡོད། ཁེར་ཆགས་གླིང་ཕྲན་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་དེ་ཞོགས་པའི་ཉི་གཞོན་འོག་གནས་ཡོད།
           དུས་ཡུན་ལོ་32ཙམ་སོང་རྗེས་ཝང་ཅི་ཚའེ་སྐར་ལྔའི་དར་དམར་དང་ནམ་ཡང་ཞལ་གྱེས།
           ཟླ་7ཚེས་27ཉིན་རྒྱལ་ཡོངས་ཀྱི“དུས་རབས་ཀྱི་མིག་དཔེ”ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་གྱི་ཡུལ་དམག་སོ་ལྟ་ཁང་གི་སུའོ་ཀྲང་ཝང་ཅི་ཚའེ་ལས་སྒྲུབ་བྱེད་རིང་གློ་བུར་དུ་ནད་ཀྱིས་མནར་བ་དང་སྐྱོབ་བཅོས་གང་ཐུབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། གྲོངས་དུས་ལོ་58ཡིན་པ་རེད། ལོ་32རིང་སོ་ལྟ་ཁང་བརྗེ་མ་མྱོང་བའི་ཁོང་གིས་ད་རེས་བརྗེ་པོ་ཐེངས་དང་པོ་བརྒྱབ།
          བློ་མཐུན་ཝང་ཅི་ཚའེ་ཡི་སྔོན་ཐོན་བྱས་རྗེས་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་སྟེ། བློ་མཐུན་ཝང་ཅི་ཚའེ་ཡིས་ལོ་32རིང་རྒྱལ་ཁབ་ཀྱི་ཁེར་ཆགས་གླིང་ཕྲན་སྲུང་སྐྱོབ་བྱས་ཡོད། གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལས་གནས་བརྟན་སྲུང་དང་བློས་གཏོང་ཚད་མེད་བྱས་ནས་ལས་གནས་དཀྱུས་མའི་ཐོག་སྤྱིར་བཏང་གཏན་ནས་མིན་པའི་འོད་སྟོང་རབ་ཏུ་འཕྲོ་བའི་མི་ཚེའི་ལེའུ་ཞིག་བརྩམས་ཡོད་ཅེས་ནན་གསུང་གནང་ཡོད། ང་ཚོས་རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་འདྲ་དར་སྤེལ་ཤུགས་ཆེན་བཏང་སྟེ་དུས་རབས་གསར་པའི་འབད་འཐབ་པའི་རིན་ཐང་དོན་གཉེར་བྱེད་མཁན་དུ་འགྱུར་བ་བྱེད་དགོས།
          མི་དཀྱུས་མ་ཞིག་ཡིན་པའི་བགྲེས་སོང་ཝང་ལགས་ང་ཚོ་དང་བྲལ་རུང་ཁོང་གི་བྱས་རྗེས་ནམ་ཡང་ང་ཚོའི་སེམས་ནང་གནས།
          གུང་ཁྲན་ཏང་ཡོན་ཞིག་དང་རྒྱལ་ཁབ་ཀྱི་ཆེད་དུ་གླིང་ཕྲན་སྲུང་མཁན་ཞིག་ཡིན་པའི་ཝང་ཅི་ཚའེ་འཇིག་རྟེན་ལས་ཁ་བྲལ་བ་དེས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་གི་སྐྱེ་བོ་ཀུན་ལ་སེམས་འགུལ་ཚད་མེད་ཐེབས།
         ཝང་ཅི་ཚའེ་ནི་མི་སྣ་དཀྱུས་མ་ཞིག་ཡིན་རུང་ཁོང་གིས་བཞག་པའི་བྱས་རྗེས་སྤྱིར་བཏང་གཏན་ནས་མིན། གྲོགས་མེད་ཁེར་རྐྱང་དང་ངན་ངོན་གྱི་འཚོ་བ་བསྐྱལ་ནས་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད། ཁོང་གིས་དད་སེམས་བརྟན་པོ་འཆང་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འོད་སྟོང་འཕྲོ་བའི་མི་ཚེའི་ལེའུ་ཞིག་བརྩམས་ཡོད།