འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གྱི་དྲིལ་བསྒྲགས་གཟའ་འཁོར་སྐབས་21པ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་12ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཚེས་12ཉིན་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གྱི་དྲིལ་བསྒྲགས་གཟའ་འཁོར་སྐབས་21པ་དངོས་སུ་འགོ་ཚུགས་པ་རེད། དྲིལ་བསྒྲགས་གཟའ་འཁོར་རིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ནང་དོན་ཕུན་ཚོགས་དང་རྣམ་པ་སྣ་མང་གི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཀྱི་སྐད་ཡིག་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་། བྱེད་ཕྱོགས་སྲིད་ཇུས། གཏན་འབེབས་ཚད་གཞི་བཅས་དྲིལ་བསྒྲགས་བྱེད་པ་དང་། ཀྲུང་ཧྭའི་སྐད་ཆ་རིག་གནས་ཁྱབ་སྤེལ་བྱ་རྒྱུ་རེད།
           ཚེས་12ཉིན་སི་ཁྲོན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་གཉེར་བའི་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་འཛུགས་མཛད་སྒོའི་ཐོག་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱི་ཀྲུའུ་རེན་ཏུའུ་ཀྲན་ཡོན་གྱིས། ད་ལོའི་ལོ་སྟོད་དུ་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ཏེ། 《སྤྱི་སྐད་ཁྱབ་གདལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་འཆར་གཞི(2018—2020ལོ)》བཀྲམ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ནང་བཅུག་པ་རེད། ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་དྲིལ་བསྒྲགས་གཟའ་འཁོར་ལས་སྟེགས་སུ་བྱས་ནས་སྤྱི་སྐད་ཁྱབ་གདལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་བ་དང་། ཡང་འབད་བསྐྱར་འབད། འཆར་བརྩོན་སྒྲུབ་མཁས། མཆོང་ཕོད་སྒྲུབ་ཕོད་བཅས་ལ་བརྟེན་ནས་སྐད་བརྡ་མི་འཕྲོད་པའི་རྐྱེན་གྱིས་དབུལ་སྒྲོལ་ཕྱུག་འགྱུར་ལ་འགོག་རྐྱེན་བཟོ་བའི་གནད་དོན་བསལ་རྒྱུའི་རེ་བ་ཡོད་ཅེས་བཤད།
           ཉེ་བའི་ལོ་20ཡི་རིང་། རྒྱལ་ཁབ་ཀྱི་སྐད་ཡིག་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་སྐད་ཁྱབ་གདལ་བྱུང་ཚད་2000ལོའི་53%ནས་2015ལོའི་73%ཙམ་དུ་མཐོ་རུ་ཕྱིན་པ་དང་། སྤྱི་སྐད་ཀྱི་ཆུ་ཚད་རྒྱུགས་ལེན་ནང་ཞུགས་པའི་མི་ཐེངས་ཁྲི་6500ལྷག་ཟིན་པ། ཡི་གེ་ཤེས་པའི་མི་འབོར་95%ཡན་གྱིས་ཚད་ལྡན་གྱི་རྒྱ་ཡིག་སྤྱོད་པ་བཅས་ལས་སྤྱི་ཚོགས་སུ་ཡི་གེ་སྤྱོད་ཚད་སྔར་བས་ཚད་ལྡན་དུ་གྱུར་ཡོད། དེ་དང་ཆབས་ཅིག་རྒྱ་ཡིག་ནི་སྔར་བས་གལ་འགངས་ཆེ་བའི་རྒྱལ་སྤྱིའི་ཡི་གེར་འགྱུར་བ་དང་གོ་ལ་ཧྲིལ་པོར་སྦྱོང་མཁན་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།