འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཧྲན་ཤིས་ལན་རྫོང་དུ་གནའ་བོའི་ཕྱེ་བརྐོས་ལག་རྩལ་རྒྱུན་འཛིན་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ལན་རྫོང་གི་ཕྱེ་བརྐོས་ནི་ཧྲན་ཤིས་ཞིང་ཆེན་ལུའེ་ལེང་གྲོང་ཁྱེར་ལན་རྫོང་གི་དམངས་ཁྲོད་སྲོལ་རྒྱུན་སྒྱུ་རྩལ་ཞིག་ཡིན་པ་དང་དེའི་བཟོ་རྩལ་རྙོག་འཛིང་ཆེ་ལ་རྣམ་པ་མང་བ་དང་བཟོ་དབྱིབས་བཟོ་སྟངས་ཁོ་ན་རིགས་བཅུ་ལྷག་ཙམ་ཡོད་པ་རེད།
           ད་ཕན་ལོ་ཤས་རིང་སྲོལ་རྒྱུན་གྱི་སྒྱུ་རྩལ་དེར་སྲུང་སྐྱོང་བྱ་ཆེད། ས་ཆ་དེ་གའི་ཕྱེ་བརྐོས་ཀྱི་འབྱུང་ཁུངས་ལན་ཁྲེང་གྲོང་རྡལ་དུ་རིག་གནས་ཁང་ཆེན་པོ་5བཙུགས་པ་དང་ཕྱེ་བརྐོས་ཀྱི་རྒྱུན་འཛིན་པས་སློབ་ཁྲིད་བྱས་ཏེ་དེར་དགའ་པོ་བྱེད་མཁན་ལ་ཕྱེ་བརྐོས་སློབ་སྦྱོང་དང་ལག་རྩལ་སྤེལ་རེས་ཀྱི་གོ་སྐབས་བསྐྲུན་པ་དང་དུས་མཚུངས། ད་དུང་དུས་བཀག་ལྟར་གསོ་སྦྱོང་དང་། ཕྱེ་བརྐོས་འགྲེམས་སྟོན། ཕྱེ་བརྐོས་སློབ་གླིང་དུ་ཁྱབ་གདལ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་ཕྱེ་བརྐོས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་རྒྱུན་འཛིན་བྱས་ཡོད།