འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།རང་རྒྱལ་གྱི་ཏུན་3000རིམ་པའི་རྒྱ་མཚོའི་ཉ་ལས་ཀྱི་ཕྱོགས་བསྡུས་ཚན་རིག་བརྟག་ཞིབ་གྲུ་གཟིངས་གཉིས་ཆུ་ཁར་ལས་དོན་སྤེལ་བར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་ཀྲུང་གོ་ཆུ་ཐོན་ཚན་རིག་ཞིབ་འཇུག་ཁང་གི་ཏུན་3000རིམ་པའི་རྒྱ་མཚོའི་ཉ་ལས་ཀྱི་ཕྱོགས་བསྡུས་ཚན་རིག་བརྟག་ཞིབ་གྲུ་གཟིངས་གཉིས་ཏེ། “ལན་ཧའེ་101”དང“ལན་ཧའེ་201”ཧྲང་ཧའེ་ནས་ཆུ་ཁར་ལས་དོན་སྤེལ་བར་བསྐྱོད་པ་རེད། དེ་ལས་རྒྱལ་ནང་གི་རྒྱ་མཚོའི་ཉ་ལས་ཀྱི་ཕྱོགས་བསྡུས་ཚན་ཞིབ་གྲུ་གཟིངས་ཆེ་ཤོས་གཉིས་ཀྱི་སྒྲོམ་གཞི་བཟོས་ཟིན་ནས་གྲུ་ཆས་སྒྲིག་སྦྱོར་བྱེད་མཚམས་སུ་སླེབས་པ་མཚོན་ཡོད། ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཏང་ཙུའི་ཁོངས་མི་སུང་ཅན་ཁྲའོ་བྱེད་སྒོར་ཕེབས་པ་དང་འབྲེལ་གྲུ་ཐག་བཅད་ནས་ཆུ་ཁར་ལས་དོན་སྤེལ་བར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
            སུང་ཅན་ཁྲའོ་ཡིས་དེང་རབས་ཅན་གྱི་རྒྱ་མཚོའི་ཉ་ལས་ཕྱོགས་བསྡུས་ཚན་རིག་བརྟག་ཞིབ་གྲུ་གཟིངས་བཟོས་པ་དེ་ནི་རྒྱ་མཚོའི་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་བསྐྲུན་པ་དང་རྒྱ་མཚོའི་ཚན་རྩལ་གསར་གཏོད་གང་མགྱོགས་བྱེད་པའི་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་རྒྱ་མཚོའི་ཉ་ལས་ཚན་རིག་ཞིབ་འཇུག་དང་འདེགས་སྐྱོར་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་རྒྱ་མཚོའི་ཉ་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།
        “ལན་ཧའེ་101”དང“ལན་ཧའེ་201”ནི་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ད་བར་མ་དངུལ་མང་ཤོས་བཏང་བ་དང་། ཐེག་ནུས་ཆེ་ཤོས། སྒྲིག་ཆས་སྔོན་ཐོན་ཆེ་ཤོས་ལྡན་པའི་ཚན་རིག་བརྟག་ཞིབ་གྲུ་གཟིངས་ཤིག་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི་84.50དང་། ཞེང་ཚད་ལ་སྨི་15 དངོས་ཟོག་ཏུན་3281.5བླུག་ནས་ཆུ་ཁར་འགྲོ་ཐུབ་པ་མ་ཟད། སྔོན་ཐོན་གྱི་ཚན་རིག་བརྟག་ཞིབ་མ་ལག་བསྒར་ཡོད་པ་དང་། ལག་རྩལ་གྱི་ཆུ་ཚད་དང་བརྟག་ཞིབ་ནུས་པ་རྒྱལ་ནང་གི་རྩེར་སོན་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། གྲུ་གཟིངས་གཉིས་པོ་བཟོས་ནས་བེད་སྤྱོད་བཏང་རྗེས་རང་རྒྱལ་གྱི་རྒྱ་མཚོའི་ཉ་ལས་ཚན་རིག་བརྟག་ཞིབ་སྒྲིག་ཆས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་དང་། རང་རྒྱལ་གྱི་རྒྱ་མཚོའི་ཉ་ལས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གི་འཇོན་ཐང་ཆེ་རུ་ཕྱིན་ནས་རང་རྒྱལ་དང་ཐ་ན་འཛམ་གླིང་ཉ་ལས་ཀྱི་ཚན་རིག་དོ་དམ་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་དང་། ཉ་ལས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དོན་འཁྱོལ་ལ་འགན་ལེན་གལ་ཆེན་མཁོ་འདོན་ཐུབ་རྒྱུ་རེད།