འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ལི་ཝན་ཁོའོ་ཡིས་
ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲོད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ལི་ཝན་ཁོའོ་ཡིས་
ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲོད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཅི་ལིན་ཞིང་ཆེན་ཐུང་ཧ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ལི་ཝན་ཁོའོ་ཡིས་ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲོད་པའི་གྱོད་གཞི་ཡོངས་གྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ལི་ཝན་ཁོའོ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ་དང་། དངུལ་ཆད་སྒོར་ཁྲི་གསུམ་བརྒྱ་གཏོང་རྒྱུ། ལྐོག་རྔན་སྤྲད་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་ལྔ་བྱ་རྒྱུ་དང་། ལག་བསྟར་ཐག་གཅོད་དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་བྱས་པ་དང་། དངུལ་ཆད་སྒོར་ཁྲི་གསུམ་བརྒྱ་གཏོང་རྒྱུ། ལི་ཝན་ཁོའོ་ཡི་ལྐོག་རྔན་བླངས་པའི་ཉེས་གསོག་རྒྱུ་དངོས་དང་། དེའི་སྐྱེད་འཕེལ་བདའ་འདེད་གཏོང་རྒྱུ་དང་ལྐོག་རྔན་སྤྲད་པའི་ཉེས་གསོག་བྱ་སྤྱོད་ཀྱི་རྒྱུ་དངོས་གཞུང་བཞེས་བཏང་ནས་རྒྱལ་མཛོད་ལ་རྩིས་འབུལ་ཞུས་པ་རེད། ལི་ཝན་ཁོའོ་ཡིས་ཁྲིམས་རྭའི་ཐོག་ཁྲིམས་གཅོད་བྱས་པ་དང་ལེན་ཞུ་རྒྱུ་དང་གོང་གཏུག་མི་བྱེད་པ་བཤད་ཡོད།