འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ཟླ་དང་པོ་ནས་བརྒྱད་པ་བར་ཁོར་ཡུག་སྲིད་འཛིན་གྱི་ཆད་གཅོད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སྒོར་དུང་ཕྱུར་90ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་སྣོད་བཅུད་ཁོར་ཡུག་པུས་ས་གནས་ཁག་གི་ཟླ་དང་པོ་ནས་བརྒྱད་པ་བར་གྱི་ཁོར་ཡུག་སྲིད་འཛིན་གྱི་ཆད་གཅོད་གྱོད་གཞི་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལྷན་སྦྱར་བྱེད་ཐབས་ཀྱི་ལག་བསྟར་གནས་ཚུལ་བརྡ་ཁྱབ་བཏང་བ་སྟེ། རྒྱལ་ཡོངས་ཀྱི་ཁོར་ཡུག་སྲིད་འཛིན་ཆད་གཅོད་གྱོད་གཞིས་ཆད་གཅོད་གཏན་འབེབས་ཡི་གེ་109696གཤམ་སྤྲོད་བྱས་པ་དང་དངུལ་ཆད་སྒོར་དུང་ཕྱུར་91.23བཏང་ཡོད། ཁོར་ཡུག་སྲིད་འཛིན་གྱི་ཆད་གཅོད་བྱེད་ཤུགས་ཅུང་ཆེ་བའི་ཞིང་ཆེན་གྱི་ཁོངས་སུ་ཅང་སུའུ་དང་། ཀོང་ཏུང་། ཧྲན་ཏུང་། ཧོ་པེ་བཅས་ཡོད་པ་རེད།
       ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་ཀྱིས་རིགས་ལྔའི་གྱོད་གཞི་བསྡོམས་26451གྱོད་ཐག་བཅད་པ་དེ་ན་ནིང་གི་དུས་མཚུངས་ལས་6.8%འཕར་བ་དང་། དེའི་ཁྲོད་ཉིན་ཤས་བསྟུད་མར་ཆད་གཅོད་གྱོད་གཞི་537ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་26%ཉུང་དུ་ཕྱིན་པ། དངུལ་ཆད་སྒོར་དུང་ཕྱུར་88169བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་3%ཉུང་དུ་ཕྱིན་ཡོད། སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱས་པའི་གྱོད་གཞི་14054ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་29.1%འཕར་བ་དང་། ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་འཇོག་པའི་གྱོད་གཞི་4731ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་17%ཉུང་དུ་ཕྱིན་པ། སྲིད་འཛིན་བཀག་ཉར་བྱ་རྒྱུར་བསྐྱལ་བའི་གྱོད་གཞི་5276ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་6%ཉུང་དུ་ཕྱིན་པ། ཁོར་ཡུག་སྦགས་བཙོག་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་1853རྩིས་སྤྲད་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་སྤྱིར་ན་གཅིག་པ་ཡིན། ལྷན་སྦྱར་བྱེད་ཐབས་སྤྱད་པའི་གྱོད་གཞི་ཐོན་ཚད་ཅུང་མང་བ་ནི་ཅང་སུའུ་དང་། ཀོང་ཏུང་། ཨན་ཧུའེ། ཀྲེ་ཅང་། ཧྲའན་ཤིས། ཧྥུའུ་ཅན་བཅས་ཞིང་ཆེན་དྲུག་དང་གྱོད་གཞིའི་གྲངས་འབོར་འཕར་མངོན་གསལ་དོད་པའི་ཞིང་ཆེན་བཞི་སྟེ་ཅང་སུའུ་དང་། ཀོང་ཏུང་། ཧྲའན་ཤིས། ཧྥུའུ་ཅན་བཅས་རེད།
        ཟླ་བརྒྱད་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚང་མར་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལྷན་སྦྱར་བྱེད་ཐབས་སྤྱད་དེ་ཞིབ་གཅོད་ཐུབ་པའི་གྱོད་གཞི་ཡོད་པ་དང་རྫོང(ཆུས)367ལ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལྷན་སྦྱར་བྱེད་ཐབས་སྤྱད་མེད་པའི་གྱོད་གཞི་མེད་པ་རེད།