འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ཉ་དང་འགྲོགས་ནས་སྐྱོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ལོ་བཅུ་གྲངས་རིང་། ཧའེ་ནན་ཞིང་ཆེན་གྱི་ཧྥེན་ཅེ་ཀྲོའུ་གླིང་ཕྲན་གྱིས་བྱུ་རུ་སྲུང་སྐྱོང་དང་གསོ་སྤེལ་ལ་རྟག་ཏུ་གཞོལ་བ་དང་འབྲེལ་རྒྱ་མཚོའི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་མི་བཟོས་བྲག་གླིང་མཚོ་གཏིང་དུ་བཞག་སྟེ། བྱུ་རུ་སྐྱེ་འཚར་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་ལ་ཉ་རིགས་ལའང་འཚོ་གནས་བྱ་རྒྱུར་འཚམ་པའི་ཁོར་ཡུག་ཅིག་བཏོད་ཡོད། ད་ཆ་ཧྥེན་ཅེ་ཀྲོའུ་གླིང་ཕྲན་མཚོ་ཁོངས་དབྱེ་མཚམས་ཀྱི་བྱུར་རྡོའི་སྣོད་བཅུད་མ་ལག་ཅུང་འཐུས་སྒོ་ཚང་པོ་ཡོད་པས་ཡུལ་སྐོར་བ་མང་པོ་ཞིག་འདིར་མཛེས་ལྗོངས་ལ་ལྟ་སྐོར་དང་ཉ་ཁྱུའི་ཁྲོད་ནས་སྤྲོ་བ་མྱོང་རོལ་བྱེད་པར་ཡོང་གི་ཡོད།