འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་སྤུན་ཟླ་ཐའེ་དབན་བ་ཁྲི་2.2
ལྷག་ཙམ་གྱིས་ཐའེ་དབན་གྲོང་མིའི་གནས་སྡོད་ལག་ཁྱེར་རེ་ཞུ་བྱས་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་《ཤང་ཀང་དང་ཨའོ་མོན་ཐའེ་དབན་བཅས་ཀྱི་གྲོང་མིའི་གནས་སྡོད་ལག་ཁྱེར་རེ་ཞུ་དང་སྤྲོད་རྒྱུའི་སྐོར་གྱི་བྱ་ཐབས་》ཁྱབ་བསྒྲགས་བྱས་རྗེས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བའི་དགའ་བསུ་དང་ཁས་ལེན་ཐོབ་ནས་ཕྱོགས་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དེས་དམངས་ལ་དངོས་ཕན་བསྐྲུན་པ་དང་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བའི་དགའ་བསུ་ཐོབ་པའི་སྲིད་ཇུས་བཟང་པོ་ཞིག་ཡིན་པ་གང་ལེགས་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        གནས་སྡོད་ལག་ཁྱེར་ནི་ཚེས་12ཉིན་གྱི་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པ་ཚོས་བཏོན་པའི་གླེང་མང་བའི་གནད་དོན་ཞིག་རེད། ཨན་ཧྥུང་ཧྲན་གྱིས་ཟླ་9ཚེས་1ཉིན་བྱ་ཐབས་དེ་ལག་བསྟར་བྱས་ཚུན་ས་གནས་ཁག་གི་ཐའེ་དབན་གྱི་ཚོང་པ་དང་། ཐའེ་དབན་གྱི་ལས་བྱེད་པ། ཐའེ་དབན་གྱི་ལས་གཏོད་ན་གཞོན། ཐའེ་དབན་གྱི་དགེ་རྒན། ཐའེ་དབན་གྱི་སློབ་མ་སོགས་ལས་རིགས་ཁག་གི་སྤུན་ཟླ་ཐའེ་དབན་བས་རེ་ཞུ་ཧུར་ཐག་བྱས་ཡོད་ཅེས་བཤད་པ་རེད།
        གནས་སྡོད་ལག་ཁྱེར་དང་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་གྱི་འབྲེལ་བ་དང་གནས་སྡོད་ལག་ཁྱེར་ཞིང་ཆེན་སྒྲོལ་ནས་བེད་སྤྱོད་བྱེད་དབང་སོགས་ཀྱི་གནད་དོན་སྐོར་གླེང་སྐབས་ཨན་ཧྥུང་ཧྲན་གྱིས་ཐའེ་དབན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར་ནི་སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་སློབ་སྦྱོང་དང་འཚོ་བ་སྐྱེལ་སྐབས་སྟབས་བདེ་བསྐྲུན་པའི་ལག་ཁྱེར་ཞིག་ཡིན་པ་དང་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་ནི་སྤུན་ཟླ་ཐའེ་དབན་བ་སྐམ་སར་འགྲོ་འོང་བྱེད་པའི་ལག་ཁྱེར་ཞིག་ཡིན། གནས་སྡོད་ལག་ཁྱེར་དང་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་ནི་འགལ་མེད་མཉམ་གནས་ཀྱི་ལག་ཁྱེར་གཉིས་ཡིན། གནས་སྡོད་ལག་ཁྱེར་གྱིས་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་གྱི་ཚབ་བྱེད་ཀྱི་མེད། གནས་སྡོད་ལག་ཁྱེར་སྤྱད་རྗེས་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་གྱི་སྔར་ཡོད་ནུས་པར་ཤུགས་རྐྱེན་མི་ཐེབས་པ་དང་སྤུན་ཟླ་ཐའེ་དབན་བའི་དེ་སྔའི་ལག་ཁྱེར་གྱི་སྤྱོད་དབང་ལ་ཤུགས་རྐྱེན་ཐེབས་མི་སྲིད། གནས་སྡོད་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ནང་སྤུན་ཟླ་ཐའེ་དབན་བ་ཐའེ་དབན་དུ་ལོག་རྗེས་སླར་ཡང་སྐམ་ས་ཆེ་མོའི་སྡོད་གནས་ཁུལ་དུ་ཡོང་བའམ་ཡང་ན་གནས་སྤོ་བྱས་ཚེ་ལག་ཁྱེར་གྱིས་སྔར་བཞིན་གོ་ཆོད་ཀྱི་ཡོད་ཅེས་བཤད་པ་རེད།