འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།2018ལོའི་922ལྗང་མདོག་ཕྱིར་སྐྱོད་བྱེད་སྒོའི་ཐོག་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཞིབ་འཇུག་ཁང་གིས“2018ལོའི་922ལྗང་མདོག་ཕྱིར་སྐྱོད་བྱེད་སྒོའི་སྤྱི་ཕན་ཞབས་ཞུའི་ཡོངས་བསྒྲགས་ཚོགས་འདུ”འཚོགས་ནས། འདི་ལོའི་922ལྗང་མདོག་ཕྱིར་སྐྱོད་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་ཕྱིར་སྐྱོད·སྔར་བས་བདེ་འཇགས”ཞེས་པ་ཡིན་ལ། རྐང་ཐང་དང་། རྐང་འཁོར། སྤྱི་སྤྱོད་འགྲིམ་འགྲུལ་སོགས་ལྗང་མདོག་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་ཕྱིར་སྐྱོད་མཁན་གྱི་བདེ་འཇགས་གནད་དོན་ལ་དོ་ཁུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་གྲོང་ཁྱེར་གྱི་གཞུང་ལམ་རིང་ཚད་ཀྱིས་རྒྱལ་ཡོངས་ཀྱི་གཞུང་ལམ་རིང་ཚད་ཀྱི་7.5%ལས་བཟུང་མེད་ཀྱང་། གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ་100རེའི་ནང་གི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་མྱུར་བགྲོད་གཞུང་ལམ་གྱི་ལྡབ་4དང་གཞུང་ལམ་དཀྱུས་མའི་ལྡབ་10ཡིན་པ་རེད། 2017ལོའི་ལོ་མཇུག་བར། གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བསྡོམས་འབོར་གྱི་47%བཟུང་བ་དང་། མི་ཤི་རྨས་བྱུང་ཚད་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་ཤི་རྨས་བསྡོམས་འབོར་གྱི་42.4%བཟུང་ཡོད་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག རིགས་གཅིག་མཁས་ཅན་གྱིས། ལྗང་མདོག་ཕྱིར་སྐྱོད་བདེ་འཇགས་ལ་ཤུགས་སྣོན་རྒྱག་པར། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཞབས་ཞུའི་ལས་དོན་སྤེལ་སྐབས་རྐང་ཐང་མར་སྐྱོད་མཁན་དང་རྐང་འཁོར་བཞོན་མཁན་ལ་སྔར་བས་མཐོང་ཆེན་བྱེད་དགོས། ཆེད་སྤྱོད་བགྲོད་ལམ་གྱི་མཚོན་རྟགས་སམ་འབྲེལ་ཡོད་ལྷན་སྦྱར་གྱི་སྤྱི་པའི་སྒྲིག་བཀོད་ལས་གྲོང་ཁྱེར་ནང་ཁུལ་གྱི་རྐང་ཐང་མར་སྐྱོད་མཁན་དང་རྐང་འཁོར་བཞོན་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་རྒྱག་པའི་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།