འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི་བྱེད་སྒོ་ཁྲུང་ཆིང་དུ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱ”ཞེས་པའི་བྱེད་སྒོ་ཐེངས་77པ་ཚེས་12ཉིན་ཁྲུང་ཆིང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་དུ་གཉེར་བ་རེད། ཝུའུ་ཧན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀྲུང་གོ་ཁྲིམས་རིག་པ་སློབ་ཚོགས་རྩ་ཁྲིམས་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲོའུ་ཡེ་ཀྲུང་གིས་《ཀྲུང་གོ་གསར་པའི་རྩ་ཁྲིམས་ཀྱི་ལོ་རྒྱུས་འཕེལ་རིམ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྩ་ཁྲིམས་ནང་བཅུག་པ་》བརྗོད་བྱར་བྱས་པའི་འཆད་ཁྲིད་བྱས་པ་དང་འབྲེལ་དེ་གའི་གསན་པ་པོ་དང་དྲ་གྲོགས་ཚོ་དང་སྤེལ་རེས་ཀྱང་བྱས་པ་རེད།
        “རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཆེ་མོ་ཞིག་དང་། མིའི་རིགས་ཀྱི་ཆབ་སྲིད་དང་ཤེས་དཔལ་འཕེལ་རྒྱས་ཀྱི་ཐོན་དངོས་ཤིག འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་འགན་ལེན་གྱི་ཡི་གེ་ཞིག ཁྲིམས་བཞིན་དབང་ཆ་བཅོས་སྐྱོང་གི་བཅའ་ཁྲིམས་ཤིག སྤྱི་དམངས་ཀྱི་འཚོ་བའི་གཞི་རྩའི་ཚད་འཛིན་ས་ཞིག་བཅས་ཡིན”ཞེས་འཆད་ཁྲིད་འགོ་ཚུགས་མ་ཐག་ཀྲོའུ་ཡེ་ཀྲུང་གིས་རྩ་ཁྲིམས་ཀྱི་གཞི་རྩའི་གོ་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ། རྩ་ཁྲིམས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་མི་འདྲ་བའི་རྩ་ཁྲིམས་ཀྱིས་རྒྱལ་ཁབ་དེའི་ལྟེ་བའི་རིན་ཐང་ལྟ་བའི་གོང་བུ་སྒྲིལ་ནུས་དང་ཐེག་ནུས་ཕལ་ཆེར་འདྲ་པོ་ཡོད་ལུགས་བརྗོད་པ་རེད།
        དེ་རྗེས་ཀྲོའུ་ཡེ་ཀྲུང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྩ་ཁྲིམས་ནང་བཅུག་པའི་ལོ་རྒྱུས་འཕེལ་རིམ་བཤད་པ་དང་འབྲེལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ད་ཡོད་རྩ་ཁྲིམས་ཁྲོད་ཀྱི་མཚོན་ཚུལ་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྱོང་ནང་མཉམ་འདྲེས་དང་འཚོ་བའི་ཁྲོད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་ཐུན་མོང་གི་ནུས་པར་བརྟེན་ན་གཞི་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ། 2018ལོར་རྩ་ཁྲིམས་བཟོ་བཅོས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྩ་ཁྲིམས་ནང་བཅུག་པ་དེ་ནི་རང་རྒྱལ་གྱི་འཇམ་ཤུགས་གཞི་རྩའི་ཆ་ནས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཆུ་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།