འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།མཐོ་སྒང་གི་སྐས་ཞིང་མཛེས་ཤོས་སུ་སྟོན་བསྡུ་ལ་བྲེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐོ་སྒང་གི་སྐས་ཞིང་མཛེས་ཤོས་སུ་སྟོན་བསྡུ་ལ་བྲེལ་བ།
     མི་དམངས་དྲ་བའི་འཕྲིན། སྟོན་ཟླ་དགུ་པར་མཚོ་བོད་མཐོ་སྒང་བྱང་ཤར་ཁུལ་གྱི་མཚོ་སྔོན་ཞིང་ཆེན་གྱི་རི་མ་ས་ཁུལ་དག་རིམ་བཞིན་སྟོན་བསྡུའི་དུས་ལ་སླེབས་ཡོད་པ་དང་། "བྱང་ཕྱོགས་ཀྱི་སྐས་ཞིང་མཛེས་ཤོས"ཀྱི་མཚན་སྙན་ཡོད་པའི་མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་ཡ་ཧོ་གྲོང་ཚོ་རུའང་ལོ་གཅིག་ནང་གི་ཆེས་མཛེས་པའི་སྟོན་ཁ་སླེབས་ཡོད།
     ཡུལ་མི་ཚོས་གྲོ་དང་པད་ཁ། ཙོང་སོགས་ཀྱི་ལོ་ཏོག་རིགས་བསྡུ་འགོ་བརྩམས་ཤིང་། མཐོ་ས་ནས་མར་བལྟས་ཚེ། གཅིག་ལ་གཅིག་བརྩེགས་སུ་ཡོད་པའི་སྐས་ཞིང་དང་། གནམ་སྔོན་པོ་དང་རྩྭ་ལྗང་ཁུ། མེ་ཏོག་སྣ་ཚོགས། གསེར་མདོག་གི་གྲོ་ཞིང་བཅས་ཀྱིས་ཚོན་མདོག་རྣམ་པར་བཀྲ་བའི་སྟོན་བསྡུའི་རི་མོ་སྙིང་རྗེ་མོ་ཞིག་གྲུབ་ཡོད། 
【1】  【2】
༄༅།།མཐོ་སྒང་གི་སྐས་ཞིང་མཛེས་ཤོས་སུ་སྟོན་བསྡུ་ལ་བྲེལ་བ།