འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ཀྲུང་གོའི་བྱ་འཕུར་ནེའུ་ཙི་ལན་དུ་འཕུར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཀྲུང་གོའི་བྱ་འཕུར་ནེའུ་ཙི་ལན་དུ་འཕུར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། ནེའུ་ཙི་ལན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སྤེལ་བའི་ཝེ་ཧྥང་བྱ་འཕུར་བཟོ་བ་དང་གློད་པའི་བྱེད་སྒོ་དེ་ཉམས་ལེན་སློབ་ཚན་ལ་རྩིས་ནས་ཧུའེ་ལིང་ཏུན་མ་སི་ཏེང་བུད་མེད་སློབ་གྲྭར་བསྐྱོད་ཅིང་། ཧྲན་ཏུང་ཝེ་ཧྥང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་མཚོན་འཛིན་སྤེལ་མཁན་གྱིས་ནེའུ་ཙི་ལན་གྱི་བྱིས་པར་ཀྲུང་གོའི་སྲོལ་རྒྱུན་གྱི་བྱ་འཕུར་བཟོ་སྟངས་བསྟན་པ་མ་ཟད། ཚང་མར་ལག་པ་བསྒུལ་ནས་བྱ་འཕུར་བཟོ་བ་དང་བྱ་འཕུར་གློད་པའི་ཉམས་ལེན་བྱེད་དུ་བཅུག་པས་སློབ་གྲྭའི་དགེ་སློབ་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།