འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ཙམ་པབ་ཝེའི་རྒྱལ་སར་སྐྱུག་བཤལ་གྱི་རིམས་ནད་ཐོན་ནས་མི་21འཆི་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཙམ་པབ་ཝེའི་རྒྱལ་སར་སྐྱུག་བཤལ་གྱི་རིམས་ནད་ཐོན་ནས་མི་21འཆི་བ།
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། ཙམ་པབ་ཝེའི་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་བ་ལྟར་ན། གོང་ཚེས་ཉིན་གྱི་སྔ་དྲོའི་བར། ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེར་ཐོན་པའི་སྐྱུག་བཤལ་གྱི་རིམས་ནད་ནང་མི་21འཆི་བ་དང་། མི་3000ལྷག་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད། ཙམ་པབ་ཝེའི་ཉེན་རྟོག་ཕྱོགས་ཀྱིས་གོང་ཚེས་ཉིན་ཧ་ར་རེར་གནས་སྐབས་མི་མང་པོ་འཛོམས་མི་ཆོག་པའི་ཁྱབ་བསྒྲགས་བྱས་ནས། རིམས་ནད་གང་སར་མཆེད་རྒྱུ་སྔོན་འགོག་བྱས་ཡོད།
༄༅།།ཙམ་པབ་ཝེའི་རྒྱལ་སར་སྐྱུག་བཤལ་གྱི་རིམས་ནད་ཐོན་ནས་མི་21འཆི་བ།
༄༅།།ཙམ་པབ་ཝེའི་རྒྱལ་སར་སྐྱུག་བཤལ་གྱི་རིམས་ནད་ཐོན་ནས་མི་21འཆི་བ།
༄༅།།ཙམ་པབ་ཝེའི་རྒྱལ་སར་སྐྱུག་བཤལ་གྱི་རིམས་ནད་ཐོན་ནས་མི་21འཆི་བ།