འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ཀྲུང་ཧྭའི་རྐང་མར་མཛོད་ཀྱིས“འཛམ་གླིང་གི་རྐང་མར་ཞལ་འདེབས་འབུལ་མཁན་ཉིན་མོ”ཐེངས་བཞི་པར་དྲན་གསོའི་བྱེད་སྒོ་སྤེལ་བ། 

ཀྲུང་ཧྭ་རྐང་མར་མཛོད་དུ་རིམ་རྩིས་བྱས་ན་མི་ཁྲི་250ལྷག་ཙམ་ལ་འདང་བའི་རྐང་མར་ཉར་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་གྱི་སྔ་དྲོར། ཀྲུང་གོའི་ཁྲག་སྐྱེད་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་གྱི་དཔྱད་གཞིའི་མཛོད(ཀྲུང་ཧྭའི་རྐང་མར་མཛོད)དོ་དམ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“འཛམ་གླིང་གི་རྐང་མར་ཞལ་འདེབས་འབུལ་མཁན་ཉིན་མོ་ཐེངས་བཞི་པའི་དྲན་གསོའི་བྱེད་སྒོ་དང‘ཁྲག་སྐྱེད་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན། ཁྱེད་བདེ་པོ་ཡིན་ནམ’ཞེས་པའི་བརྗོད་དོན་གཙོ་བོ་འཚོལ་བསྡུ་དང་སྨྱན་སྦྱོར་མཉམ་སྤྱོད་ཚོགས་འདུ”པེ་ཅིང་དུ་འཚོགས་པ་རེད།
           ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་ཕིང་གིས་བྱེད་སྒོར་ཤིས་ཚིག་སྒྲོན་སྐབས་ཁྲག་སྐྱེད་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་གྱིས་ཁྲག་རྒྱུན་ནད་པ་བསྐྱབས་པ་མ་ཟད། ཁ་ཐོར་ལ་ཉེ་བའི་ཁྱིམ་ཚང་མང་པོ་ཞིག་ལ་རེ་བ་གསར་པའང་སྦྱིན་ཡོད། ཀྲུང་ཧྭ་རྐང་མར་མཛོད་2001ལོར་སླར་ཡང་སྤྱོད་འགོ་ཚུགས་པ་ནས་བཟུང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་སྒོ་གཙོ་བོའི་གྲས་ཤིག་རེད། 《ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས་》ནང་ཀྲུང་ཧྭ་རྐང་མར་མཛོད་ཀྱིས་ཁྲག་སྐྱེད་ཕྲ་ཕུང་ཨ་མའི་ཞལ་འདེབས་འབུལ་བའི་འབྲེལ་ཡོད་ལས་དོན་ལ་ཞུགས་པ་དང་སྤེལ་བའི་ཁྲིམས་གཏན་འགན་འཁྲི་ཁ་གསལ་བཟོས་ཡོད། 2018ལོའི་ཟླ་8པའི་ཟླ་མཇུག་བར་ཀྲུང་ཧྭ་རྐང་མར་མཛོད་དུ་རིམ་རྩིས་བྱས་ན་མི་ཁྲི་250ལྷག་ཙམ་ལ་འདང་བའི་རྐང་མར་ཉར་ཡོད་པ་དང་ཁྱོན་བསྡོམས་ནད་ཐོག་སྨན་བཅོས་ལ་ཁྲག་སྐྱེད་ཕྲ་ཕུང་ཨ་མ་7600ལྷག་ཙམ་མཁོ་འདོན་བྱས་པ་ལས་ཕྱི་རྒྱལ(མངའ་ཁོངས་ཕྱི་རོལ)གྱི་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ལ་ཁྲག་སྐྱེད་ཕྲ་ཕུང་ཨ་མ་300ལྷག་ཙམ་མཁོ་འདོན་བྱས་པ་ཚུད་ཡོད།