འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།“ཐེན་ཨེན”རྟགས་ཅན་གྲུ་གཟིངས་བྱང་སྣེ་བསྐོར་ནས་ཧོ་ལན་དུ་ཐོག་མར་འབྱོར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། “ཐེན་ཨེན”རྟགས་ཅན་གྲུ་གཟིངས་ནི་ཀྲུང་གོ་ཐག་རིང་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིའི་གཤམ་འོག་གི་ཏུན་ཁྲི་3.6ཡོད་པའི་སྤྱོད་སྒོ་མང་བའི་དར་གཤོག་གྲུ་ཞིག་ཡིན་ཞིང་། ཟླ་8ཚེས་4ཉིན་ལན་ཡུན་གྲུ་ཁ་ནས་ཐོན་རྗེས“ཐེན་ཨེན”རྟགས་ཅན་གྲུ་གཟིངས་པེ་ལིང་མཚོ་འགག་བརྒྱུད་བྱང་སྣེའི་བྱང་ཤར་གྱི་གྲུ་ལམ་དུ་སླེབས་པ་དང“འཁྱག་ཐོག་དར་གོས་ལམ་བུ”བརྒྱུད་ཡོ་རོབ་ཏུ་བསྐྱོད་པ་རེད། འདི་ནི“ཐེན་ཨེན”རྟགས་ཅན་གྲུ་གཟིངས་ཀྱིས“འཁྱག་ཐོག་དར་གོས་ལམ་བུ”བརྒྱུད་བྱང་སྣེ་བསྐོར་ནས་ཡོ་རོབ་ལ་འཚམས་འདྲིར་བསྐྱོད་ཐེངས་དང་པོ་དེ་རེད།