འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།པེ་ཅིང་གི་དྲ་སྦྲེལ་ཁྲིམས་ཁང་སྒོ་བྱང་བཀལ་ནས་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་གྱི་སྔ་དྲོ་པེ་ཅིང་གི་དྲ་སྦྲེལ་ཁྲིམས་ཁང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། གསར་དུ་བཙུགས་པའི་པེ་ཅིང་གི་དྲ་སྦྲེལ་ཁྲིམས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཁུལ་གྱི་གཞི་རིམ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་པའི་དམིགས་གཏན་འཁེལ་བའི་རིགས་ཀྱི་དྲ་སྦྲེལ་གྱོད་གཞིར་གཅིག་སྡུད་ཐོག་དོ་དམ་བྱ་རྒྱུ་ཡིན་ཞིང་། གཙོ་བོ་དྲ་སྦྲེལ་ཟོག་ཉོ་དང་ཞབས་ཞུའི་གན་རྒྱའི་རྩོད་གཞི་དང་། དྲ་སྦྲེལ་དངུལ་རྩའི་བུན་གཡར་དང་། གྲངས་ཉུང་དངུལ་བུན་གྱི་གན་རྒྱའི་རྩོད་གཞི། དྲ་སྦྲེལ་གྱི་རྩོམ་དབང་གི་དབང་ཁོངས་དང་བདག་དབང་བཙན་གནོད་ཀྱི་རྩོད་གཞི། དྲ་སྦྲེལ་ཁོངས་མིང་གི་རྩོད་གཞི། དྲ་སྦྲེལ་གྱི་བདག་དབང་བཙན་གནོད་འགན་འཁྲིའི་རྩོད་གཞི། དྲ་སྦྲེལ་གྱི་ཟོག་ཉོའི་ཐོན་རྫས་ཀྱི་འགན་འཁྲིའི་རྩོད་གཞི། ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་དྲ་སྦྲེལ་གྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི། དྲ་སྦྲེལ་ལ་སྲིད་འཛིན་དོ་དམ་བྱས་ནས་ཐོན་པའི་སྲིད་འཛིན་རྩོད་གཞི། གོང་རིམ་མི་དམངས་ཁྲིམས་ཁང་གིས་དམིགས་བཙུགས་དོ་དམ་བྱེད་པའི་དྲ་སྦྲེལ་གྱི་དམངས་དོན་དང་སྲིད་འཛིན་གྱོད་གཞི་གཞན་བཅས་ཚུད་ཡོད་པ་རེད། པེ་ཅིང་གི་དྲ་སྦྲེལ་ཁྲིམས་ཁང་གིས་གོང་གཏུག་ཞུ་རྒྱུའམ་ཡང་ན་བསྐྱར་གཅོད་ཡོང་རེ་ཞུ་རྒྱུའི་བཀའ་བཅད་བཏང་བ་དང་ཁྲུན་གཅོད་བཅད་པའི་གྱོད་གཞིར་པེ་ཅིང་ཤེས་བྱའི་བདག་དབང་ཁྲིམས་ཁང་དང་སྲིད་འཛིན་ཁུལ་ལས་བརྒལ་བའི་པེ་ཅིང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་བཞི་པས་ཁག་སོ་སོར་འདྲི་གཅོད་བྱ་རྒྱུ་རེད། མིག་སྔར་ཁྲིམས་ཁང་དེར་ཁྱོན་བསྡོམས་གཏན་འཁེལ་མི་གྲངས་ཀྱི་ཁྲིམས་དཔོན་38ཡོད་པའི་ཆ་སྙོམས་ལོ་ཚད་ལོ་40ཡིན་པ་དང་། ཞིབ་འཇུག་སློབ་མའི་སློབ་རྒྱུས་ཡན་གྱིས་75.7%བཟུང་བ་དང། ཁྲིམས་དཔོན་གྱི་ཆ་སྙོམས་འདྲི་གཅོད་ལོ་ཚད་ལོ་10ཡིན་པ་རེད།