འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།“གྲོང་གསེབ་དར་རྒྱས་ཀྱི་མི་སྟོང་གི་འཆར་གཞིའི”དུས་ཐེངས་དང་པོའི་སློབ་མ་ཐོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། “གྲོང་གསེབ་དར་རྒྱས་ཀྱི་མི་སྟོང་གི་འཆར་གཞིའི”ཞིང་པ་གསར་པའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་པེ་ཅིང་དུ་སློབ་མཇུག་འགྲིལ་ཅིང་། སློབ་མ་50སོ་སོའི་ཕ་ཡུལ་དུ་ལོག་རྒྱུ་ཡིན་པ་རེད། “གྲོང་གསེབ་དར་རྒྱས་ཀྱི་མི་སྟོང་གི་འཆར་གཞི”ནི་ཞིང་ལས་དང་གྲོང་གསེབ་པུའུ་དོ་དམ་ལས་བྱེད་སློབ་གླིང་དང་། ཀྲེ་ཅང་སློབ་ཆེན་གོ་ལ་ཧྲིལ་པོའི་ཞིང་ཚོང་ཞིབ་འཇུག་ཁང་། ཀྲེ་ཅང་སློབ་ཆེན་དོ་དམ་སློབ་གླིང་། ཡུན་ཅི་མཉམ་སྤྱོད་ཚན་རྩལ་ཚད་ཡོད་ཀུང་སི་སོགས་གྱིས་མཉམ་དུ་གཉེར་བ་ཞིག་ཡིན་ལ། ལོ་3ནང་ཞིང་པ་གསར་པ་1000གསོ་སྐྱོང་བྱས་པའི་ཁར་གྲོང་གསེབ་དར་རྒྱས་གཏོང་བའི་ཞིང་པ་གསར་པར་རྒྱབ་སྐྱོར་མ་དཔེ་100བཏོད་དེ། གྲོང་གསེབ་ཀྱི་ཤེས་ལྡན་པ་དཀོན་པ་དང་སྤུས་རྟགས་ཐོན་ཁུངས་རང་སར་གནས་ཐུབ་པར་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་རེར་ཀྲེ་ཅང་སློབ་ཆེན་གོ་ལ་ཧྲིལ་པོའི་ཞིང་ཚོང་ཞིབ་འཇུག་ཁང་གི་མཛུབ་ཁྲིད་དགེ་རྒན་དང་དྲ་ཐོག་ཚོང་དོན་ལས་སྟེགས་དང་ཞིང་ལས་ཁེ་ལས་ཀྱི་སློབ་ཕྱིའི་དགེ་རྒན་གཉིས་ཀྱིས་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད། ཞིབ་འཇུག་ཟབ་སྦྱོང་སློབ་ཚན་ནང་ཞིང་ལས་སྤུས་རྟགས་དང་། གྲོང་གསེབ་གློག་རྡུལ་ཚོང་དོན་གཉེར་སྐྱོང་། ཞིང་ལས་ཐོན་རྫས་ཚད་ལྡན་ཅན་ཐོན་སྐྱེད་སོགས་ཡོད་པ་རེད། རྣམ་གྲངས་བཀོད་སྒྲིག་ལྟར་ན། སློབ་ཚན་སྐབས་ཀྱི་སློབ་སྦྱོང་དང་། དངོས་སྦྱོང་རྒྱུགས་འབྲས། མཛུབ་ཁྲིད་དགེ་རྒན་གྱི་འོས་སྦྱོར་བཅས་ལ་གཞིགས་ནས། ཕུལ་བྱུང་སློབ་མར་རྣམ་གྲངས་མཉམ་ལས་ཚན་པའི་མཉམ་འདྲེས་གཏིང་ཟབ་དང་མཛུབ་ཁྲིད་ཐོབ་རེ་ཡོད་པ་མ་ཟད་ད་དུང་ཡུན་ཅི་མཉམ་སྤྱོད་ཚན་རྩལ་ཚད་ཡོད་ཀུང་སིས་མཁོ་འདོན་བྱས་པའི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པའི་གོ་སྐབས་ཀྱང་ཐོབ་རེ་ཡོད་པ་རེད།