འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ཡུལ་ཤུལ་གྱིས་བྱ་ཐབས་སྣ་མང་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ཚུན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། “ཕྱུག་འགྱུར་གྲོང་ཚོ་རིམ་བཞིན་སྟོབས་ཆེར་གཏོང་བ་དང་། ཉམས་ཞན་གྲོང་ཚོ་བརྟན་པོའི་ངང་ཉམས་ཞན་ལས་སྒྲོལ་བ། ངལ་ནུས་མེད་པའི་གྲོང་ཚོ་ཕྱོགས་ཡོངས་ནས་ཚད་བརྒལ་ཡོང་བ”དམིགས་ཚད་དུ་བྱེད་པ། གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ་དང་ཞིང་འབྲོག་མང་ཚོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་རྩ་བར་བཅས་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི“རྣམ་པ་དྲུག”འཚོལ་ཞིབ་རགས་ཙམ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།
     ལས་དོན་སྤེལ་རིང་ཡུལ་ཤུལ་གྲོང་ཁྱེར་གྱིས་ཐོན་ཁུངས་བེད་སྤྱོད་དང་རྒྱུ་ནོར་བསྡུ་སྒྲིལ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཟུང་འབྲེལ་བྱས་ཏེ་རིམ་པ་མང་བ་དང་། བྱ་ཐབས་མང་བ། རྣམ་པ་མང་བ་བཅས་ཀྱི་སྒོ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད། སྲོལ་རྒྱུན་ཐོན་ལས་མཉམ་ལས་གཉེར་སྐྱོང་གི“སྐྱ་མཆོག་རྣམ་པ”དང་། སྣ་མང་གཉེར་སྐྱོང་གི“རྫ་མདོའི་རྣམ་པ” དཔེ་དབྱིབས་གཉེར་སྐྱོང་གི“བཀྲ་ཤིས་དར་ཐང་རྣམ་པ” མཉམ་འདྲེས་གཉེར་སྐྱོང་གི“བཀྲ་ཤིས་དར་ཐང་རྣམ་པ” གྲོང་གསེབ་ཡུལ་སྐོར་ས་ཁོངས་གཉེར་སྐྱོང་གི“ཐལ་རོ་རྒྱུད་ཀྱི་རྣམ་པ” ཁྱད་ལྡན་ཐོན་ལས་ཀྱི“ཐང་མདའི་རྣམ་པ”བཅས་ལས་གྲུབ་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི“རྣམ་པ་དྲུག”ཡིན་པ་དང་ས་བབ་དང་བསྟུན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཡུལ་ཤུལ་གྲོང་་ཁྱེར་གྱི་ཞིང་ལས་དང་། འབྲོག་ལས། ཞབས་འདེགས་ལས་རིགས། ཡུལ་སྐོར་ལས་རིགས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་པ་དང་དམིགས་སའི་རང་བཞིན་ངང་ས་གནས་ཁག་གི་མང་ཚོགས་ལ་འཚམ་པའི་ཐོན་འཕར་འབབ་འཕར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་པ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“ཚད་བརྒལ་ཡོང་བ”མངོན་འགྱུར་བྱས་པ་བརྒྱུད་ས་གནས་དེ་གའི་ཐོན་ལས་ཁག་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།