འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།འདི་ལོའི་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ། 

རིམ་པ་A3ཡན་གྱི་མཛེས་ལྗོངས་ཁུལ་ལ་རིན་མེད་ངང་ཡུལ་སྐོར་དུ་སྐྱོད་ཆོག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་འཚོགས་པའི་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས“སའི་གོ་ལའི་སྣེ་གསུམ་པ”དང་ཀྲུང་གོའི་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་བོད་རང་སྐྱོངས་ལྗོངས་ཀྱིས་འདི་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་བར་གྱི་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་བཏོན་ཅིང་། དགོན་པའི་མཛེས་ལྗོངས་ཁུལ་ཕུད་ལྗོངས་ཡོངས་ཀྱི་གཞུང་ཁོངས་རིམ་པ་A3(རིམ་པ་A3ཚུད་པ)ཡན་གྱི་མཛེས་ལྗོངས་ཁུལ་དུ་རིན་མེད་ངང་ཡུལ་སྐོར་དུ་གཏོང་རྒྱུ་དང་དེ་བཞིན་ཞག་སྡོད་དང་འགྲིམ་འགྲུལ་གྱི་འགྲོ་སོང་ཡང་ཡུལ་སྐོར་མང་དུས་ཀྱི་རིན་གོང་གི་50%ལས་མི་མཐོ་བ་བྱ་རྒྱུ་ཡིན་པ་རེད།