འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།འཕྲལ་སྡོམ་དོ་དམ་པུའུ་ཡིས་ཡུན་ནན་གྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་ཡུན་ནན་ཕུའར་གྲོང་ཁྱེར་མོའོ་ཅང་རྫོང་ལ་ས་ཡོམ་རིམ་པ་5.9བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་11ཟིན་གྱི་ཡོད་པ་རེད།  ཚེས་9ཉིན་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁུན་མིང་གྲབས་གསོག་མཛོད་ཁང་ནས་ཡུན་ནན་ཞིང་ཆེན་གྱི་ས་ཡོམ་གེགས་ཁུལ་དུ་གུར་2000དང་། ལྟེབ་ཁྲི་8000 མལ་ཆས་དང་གྱོན་གོས་ཁྲི་1.3སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་བཀོད་གཏོང་བྱས་ཏེ། ས་གནས་ཀྱིས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཛ་དྲག་གནས་སྤོ་དང་བར་བརྒལ་དུས་མཚམས་ཀྱི་འཚོ་བའི་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།