འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།གྲོང་གསེབ་དགེ་རྒན་གྱིས་ལེགས་སྐྱེས་འབུལ་བ་དང་ལས་གནས་བརྟན་སྲུང་བྱས་ནས་གྲོང་གསེབ་ཕྲུ་གུར་མདུན་
ལམ་བཟང་པོ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་9པར་ཀོང་ཏུང་མའོ་མིང་གིས་ཕུལ་བྱུང་དགེ་རྒན་ཀོང་ཤིས་མ་ཧྲན་རྫོང་དུ་སློབ་སྐྱོར་བྱ་རྒྱུར་འདེམས་གཏོང་བྱས་པ་དང་། མའོ་མིང་གྲོང་ཁྱེར་ཏན་པའེ་ཆུས་མུའུ་སུའུ་སློབ་འབྲིང་གི་དགེ་རྒན་དབུན་ཧྭ་ཧྥེན་གྱིས་གནས་ཚུལ་དེ་ཤེས་རྗེས་ཏན་པའེ་ཆུས་ཁྲེན་གྲོང་ཚོའི་སློབ་འབྲིང་གི་དགེ་རྒན་ཡིན་པའི་བཟའ་ཟླ་ཧོའུ་རུའེ་ལེའང་དང་སྐད་ཆ་བྱས་ནས་ལོ་9ལ་སླེབས་པའི་བུ་ཧོའུ་ཡུས་ཁྲེན་ཁྲིད་དེ་མ་ཧྲན་རྫོང་དུ་དུས་ཡུན་ལོ་གཅིག་གི་སློབ་སྐྱོར་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་རེད།
     ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོའི་ཐོག་གྲོང་ཚོ་ཧ་ཅང་མང་པོ་ཡོད། དེའི་ཁྲོད་ཀྱི་མང་ཆེ་བ་རི་ཁུག་གམ་ཡང་ན་ཁེར་ཆགས་གླིང་ཕྲན་དུ་གནས་པས་འགྲིམ་འགྲུལ་སྟབས་བདེ་མེད་ཁར་མི་འབོར་ཡང་ཉུང་ཉུང་ཡིན། ཐག་རིང་ལུང་ཁུག་ཏུ་གནས་པའི་སློབ་གྲྭ་དེ་དག་ལ་མི་རབས་ནས་མི་རབས་ཀྱི་གྲོང་གསེབ་དགེ་རྒན་གྱིས་ལེགས་སྐྱེས་ཕུལ་ཏེ་ས་ཐག་ཆོད་པའི་ཚོར་སྣང་མེད་པ་བཟོས་ནས་ལས་གནས་བརྟན་སྲུང་གིས་གྲོང་གསེབ་ཕྲུ་གུར་རེ་བ་སྦྱིན་ཡོད།
     ནུབ་བྱང་མཐའ་མཚམས་ནས་ཤར་ལྷོའི་མཚོ་རྒྱུད་བར་གྱི་འཆད་སྟེགས་ཐོག་གོང་གསལ་དང་འདྲ་བའི་དགེ་རྒན་མང་པོ་མཐོང་རྒྱུ་ཡོད། ཁོང་ཚོའི་ཁྲོད་ཁག་གཅིག་ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་པ་དང་སྒེར་སེམས་མེད་པར་ལོ་སུམ་ཅུ་བཞི་བཅུ་ལྷག་ཙམ་སློབ་གསོའི་ལས་ལ་གཞོལ་མཁན་ཡོད་ལ་བླ་ན་མེད་པའི་ཕུགས་བསམ་ཆེད་ལས་འགན་ལྕི་པོ་འཁུར་ཕོད་མཁན་གྱི“80ལོའི་རྗེས”དང“90ལོའི་རྗེས”ཀྱི་གཞོན་ནུ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཕྲུ་གུ་འོན་པར་སློབ་ཁྲིད་བྱེད་མཁན་དམིགས་བསལ་དགེ་རྒན་བཟའ་ཚོ། “ཕྲན་ཚེགས་སློབ་ཆུང”ནང་ལས་འགན་མང་པོ་འཁུར་བའི“མཁོ་ཆོད་སློབ་སྤྱི” གྲོང་ཚོ་དང་གྲོང་རྡལ་དུ་གཞིས་ཚུགས་མཁན་སྤྱིར་བཏང་དགེ་རྒན་བཅས་ཡོད་པས་ཁོང་ཚོས་སྤྱིར་བཏང་མིན་པའི་སློབ་གསོའི་བྱ་གཞག་ནང་ཕྲུ་གུ་མང་པོར“མདུན་ལམ་བཟང་པོ”གཏོད་བཞིན་ཡོད།
     ད་ཕན་ལོ་ཤས་རིང་། སློབ་གསོའི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲོང་གསེབ་ཀྱི་སློབ་ཁྲིད་ཆ་རྐྱེན་རིམ་གྱིས་ལེགས་སུ་ཕྱིན་པ་དང་། སློབ་ཁྲིད་རྩལ་ནུས་གསོ་སྦྱོང་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ། དགེ་རྒན་གྱི་ས་ཁོངས་སྒྲོལ་བའི་སྤེལ་རེས་རིམ་གྱིས་མངོན་འགྱུར་བྱུང་བ། འབྲེལ་ཡོད་སྲིད་ཇུས་ཀྱིས་ཀྱང་དགེ་རྒན་གཞོན་ནུ་གྲོང་གསེབ་ཏུ་བསྐྱོད་རྒྱུར་ལྕག་སྐུལ་བཅས་བྱས་ཡོད། འབྱུང་འགྱུར་གྲོང་གསེབ་དགེ་རྒན་སྔར་བས་མང་བས་ལེགས་སྐྱེས་འབུལ་བ་དང་ལས་གནས་བརྟན་སྲུང་བྱས་ནས་གྲོང་གསེབ་ཕྲུ་གུར་མདུན་ལམ་བཟང་པོ་གཏོད་རྒྱུའི་ཡིད་ཆེས་ཡོད།