འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་ཚོང་དོན་དངོས་མང་སྟོན་ཚོགས་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་ལྔ་པ་སི་ཁྲོན་ཞིང་ཆེན་ཨོ་མའེ་ཧྲན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་58ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྐུ་མགྲོན་3000ལྷག་ཙམ་ཨོ་མའེ་ཧྲན་གྲོང་ཁྱེར་དུ་འཛོམས་ནས་གཟུགས་བརྙན་མངོན་པ་དང་ཐོན་རྫས་འགྲེམས་སྟོན་ཕྱིར་ཚོང་། ཁེ་ལས་ཀྱི་ཚོང་དོན་ངོ་འཕྲད་གྲོས་མོལ། ཡུལ་སྐོར་ཚོང་ཟོག་གི་འགྲན་བསྡུར་ཆེ་མོ་བཅས་ཕྱོགས་མི་འདྲ་བ་གསུམ་དུ་ཕྱེ་བར་དམིགས་ཏེ་ཡུལ་སྐོར་ཐོན་ལས་སྐོར་སྤེལ་རེས་བྱས་པ་རེད།