འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།ལྷོ་སུའུ་ཏན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་བཟོ་སྐྲུན་དམག་གིས་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་
རྒྱལ་ཚོགས་ཀྱི་ཆེད་མངགས་ཐོན་ལ་བསྐྲུན་པའི་སྟབས་བདེའི་ཁང་པ་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ལྷོ་སུའུ་ཏན་དུ(ཝ་ཝུའུ)ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་ཁག་བརྒྱད་པའི་བཟོ་སྐྲུན་དམག་གིས་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཐོན་གྱི་འཐབ་ཁུལ་ནུབ་མར་བསྐྲུན་པའི་སྟབས་བདེའི་ཁང་པ་50ལྷག་དེ་ཚེས་3ཉིན་སྤྱོད་རྒྱུར་རྩིས་སྤྲད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སའི་ནང་གི་དམག་དོན་དང་དམངས་དོན་མི་སྣའི་འཚོ་བ་དང་ཞག་སྡོད་དང་དེ་བཞིན་གཞུང་དོན་བསྒྲུབ་རྒྱུའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།
     ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཐོན་གྱི་དཔྱད་དཔོག་སྡེ་ཚན་གྱི་དོ་དམ་པ་གཙོ་བོ་ཅི་ཆི·ཧྥོ་ལན་ཁེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སའི་སྟབས་བདེའི་ཁང་པ་འཛུགས་སྐྲུན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས། ཀྲུང་གོའི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་ལས་འགན་སྒྲུབ་ཁུལ་གྱི་བཟོ་སྐྲུན་ལས་དོན་ཐད་མངོན་ཚུལ་ཧ་ཅང་ཡག་པོ་ཡོད་པ་སྟེ། འཐབ་ཁུལ་ནུབ་མའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་དམག་མི་མངགས་མཁན་རྒྱལ་ཁབ་གཞན་དག་ལ་ཡང་བཟོ་སྐྲུན་ཐད་ཀྱི་རོགས་རམ་ཆེན་པོ་བྱས་ཡོད་ཅེས་བརྗོད་པ་རེད།