འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།ཧྲན་ཤིས་ནས་ཐོན་འགོ་ཚུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དེ་འཇར་མན་གྱི་ཏུའུ་དབྱི་
སི་པའོ་རུ་ཐོག་མར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་གྱི་སྔ་དྲོ་ཀྲུང་གོའི་ཧྲན་ཤིས་ནས་ཐོན་འགོ་ཚུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་གཉིས་སྔ་རྗེས་སུ་འཇར་མན་གྱི་ཏུའུ་དབྱི་སི་པའོ་ལྕགས་ལམ་ཟོག་འདྲེན་བར་བརྒྱུད་ས་ཚིགས་སུ་འབྱོར་བ་དེ་ནི་ཧྲན་ཤིས་ནས་ཡོང་བའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཏུའུ་དབྱི་སི་པའོ་རུ་ཐོག་མར་འབྱོར་བ་ཞིག་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་13ཉིན་ཏུའུ་དབྱི་སི་པའོ་རུ་འབྱོར་བའི་ཧྲན་ཤིས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་གཉིས་ཧྲན་ཤིས་ནས་ཐོན་འགོ་ཚུགས་པ་དང་སྐྱེལ་འདྲེན་བྱེད་པའི་ཚོང་ཟོག་ནི་མེ་འཁོར་གྱི་འཁོར་ལོ་དང་ལུགས་མ་སྤུས་དག་ཡིན་པ་དེ་དག་མཚོ་ཐོག་ནས་སྐྱེལ་འདྲེན་བྱེད་པ་ལས་དུས་ཡུན་ཕྱེད་ཀ་ཙམ་གྱིས་ཐུང་བ་ཡོད་པ་རེད། ད་ཐེངས་དབོར་འདྲེན་བྱས་ནས་ཏུའུ་དབྱི་སི་པའོ་རུ་འབྱོར་བའི་མེ་འཁོར་གྱི་འཁོར་ལོ་400ལྷག་ཙམ་དེ་དག་ཐད་ཀར་ཉོ་སྒྲུབ་མཁན་འཇར་མན་ལྕགས་ལམ་ཀུང་སིར་སྤྲོད་རྒྱུ་ཡིན་པ་རེད།