འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས་ཀྱི་མིང་ཐོབ་པའི་མི་སྣ་གསུམ་གྱི་གདམ་བྱའི་འོས་མི་ཁྱབ་བསྒྲགས་བྱས་པ། 

མོའོ་ཏེ་ལེ་ཆི་བདམས་པ་དང་མའེ་ཤིས་ཚུད་མེད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9་ཚེས་3ཉིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་2018ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས་ཀྱི་མིང་ཐོབ་བྱ་དགའི་རྣམ་གྲངས་ཀྱི་གདམ་བྱའི་འོས་མི་གསུམ་ཁྱབ་བསྒྲགས་བྱས་པ་རེད། འདས་ཟིན་པའི་ལོ་གཉིས་ནང་བྱ་དགའི་རྣམ་གྲངས་དེ་ཐོབ་མཁན་ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོ་མཁས་པ་Cལོའུ་བདམས་ཐོན་བྱུང་བ་དང་ཨ་ཀེན་ཐིན་གྱི་མའེ་ཤིས་ཚུད་མེད་པ་རེད། ཨུ་རུ་སུའི་འཛམ་གླིང་བུམ་པའི་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་མཁན་ཁ་རེ་ཤེ་ཡའི་རུ་ཁག་གི་རུ་མི་གཙོ་བོ་མོའོ་ཏེ་ལི་ཆི་དང་ཨེ་ཅིབ་ཀྱི་མདུན་རུ་བ་ས་ལ་ཧོ་ཐོག་མར་བདམས་ཐོན་བྱུང་བ་རེད།
      བྱ་དགའ་དེ་ཐོབ་མཁན་གྱི་མཐའ་མའི་མིང་ཐོ་ཟླ་9ཚེས་24ཉིན་དབྱིན་ཇིའི་ལོན་ཏོན་དུ་ཡོངས་བསྒྲགས་བྱ་རྒྱུ་རེད།