འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།ཀྲུང་གོ་བ་རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱི་ཀྲུའུ་ཞིར་ཐོག་མར་བདམས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། དུས་ཡུན་ཉིན་གསུམ་ཡིན་པའི་རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱི་འཛམ་གླིང་གི་ཚོགས་ཆེན་སྐབས་36པ་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིར་མཇུག་འགྲིལ་བ་དང་ཀྲུང་གོ་བྱིས་པའི་རྩོམ་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲང་མིང་ཀྲོའུ་རྩ་འཛུགས་དེའི་ཀྲུའུ་ཞིར་བདམས་པ་དེ་ནི་ཀྲུང་གོ་བས་གོ་གནས་དེ་ཁུར་ཐེངས་ཐོག་མ་ཡིན་པ་རེད།
     ད་རེས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བྱིས་པའི་དཔེ་དེབ་དང་བྱིས་སྒྲུང—ཤར་ཕྱོགས་དང་ནུབ་ཕྱོགས་དེ་གར་འཛོམས”ཞེས་པ་དེ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་70ལྷག་ཙམ་ནས་ཡོང་བའི་འཐུས་མི་600ལྷག་ཙམ་གྱིས་བརྗོད་དོན་དེར་དམིགས་ནས་བྱིས་པའི་རྩོམ་རིག་དང་། བྱིས་པའི་དཔེ་སྐྲུན། ལྟ་ཀློག་ཁྱབ་གདལ་སོགས་གྲོས་དོན་ལ་ཚ་ཚ་འུར་འུར་ངང་གྲོས་བསྡུར་བྱས་པ་རེད།