འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་ཧྥེའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་བགྲོ་གླེང་སྤེལ་རེས་བྱེད་སྒོ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཁག་བཅུ་བདུན་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ཀག་ན་དང་། ཐན་ཙན་ནི་ཡ། སི་ར་ལ་ཨོང་སོགས་མཉམ་འབྲེལ་རྒྱལ་ཚོགས་ལེ་པ་ནོན་དུ་བཅའ་སྡོད་གནས་སྐབས་དཔུང་སྡེའི་ཨ་ཧྥེ་རི་ཁའི་མཛའ་གྲོགས་དམག་དང་མཉམ་དུ“ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ཞི་བདེ་སྲུང་སྐྱོང་ལས་དོན་བགྲོ་གླེང་དང་སྲོལ་རྒྱུན་རིག་གནས་སྤེལ་རེས་བྱེད་སྒོ”སྒྲིག་འཛུགས་བྱས་པ་རེད།
     དེ་ཉིན་གྱི་ལས་ཀའི་བགྲོ་གླེང་དེ“མཉམ་ལས་གཉིས་ཁེ་དང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་འགོ་ཁྲིད་དང་། མཉམ་འབྲེལ་རྒྱལ་ཚོགས་ལེ་པ་ནོན་དུ་བཅའ་སྡོད་གནས་སྐབས་དཔུང་སྡེའི་མི་དོན་ཕན་བདེ་པུའི་པུའུ་ཀྲང་དང་དེ་བཞིན་ཐན་ཙན་ནི་ཡ་དང་། ཀག་ནའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་བཀོད་འདོམས་པ། སི་ར་ལ་ཨོང་གི་ཚན་མའོ་དམག་དཔོན་བཅས་ཞུགས་ཡོད་པ་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ལས་འགན་སྒྲུབ་ཁུལ་གྱི་བདེ་འཇགས་དུས་བབ་དང་། ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་རིམ་སྤེལ། བདེ་འཇགས་འགོག་སྲུང་སོགས་ཀྱི་ཁྱབ་ཁོངས་ཐད་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
     བགྲོ་གླེང་མཇུག་སྒྲིལ་རྗེས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དཔོན་དམག་ཚོས་མཉམ་དུ་རིག་རྩལ་མཚན་ཚོགས་འཚོགས་པ་རེད།