འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་8ཉིན།

༄༅།།“ཁོ་ཝ་ལི-2018”ཀྱི་ཀྲུང་གོ་དང་། ཨོ་སི་ཁྲུ་ལི་ཡ། ཨ་རི་བཅས་ཀྱི་ཐང་འཐབ་འཚོ་གནས་ཀྱི་མཉམ་
འབྲེལ་སྦྱོང་བརྡར་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། དུས་ཡུན་ཉིན་8ཀྱི“ཁོ་ཝ་ལི—2018”ཀྱི་ཀྲུང་གོ་དང་། ཨོ་སི་ཁྲུ་ལི་ཡ། ཨ་རི་བཅས་ཀྱི་ཐང་འཐབ་འཚོ་གནས་ཀྱི་མཉམ་འབྲེལ་སྦྱོང་བརྡར་ཚེས་5ཉིན་ཨོ་སི་ཁྲུ་ལི་ཡའི་བྱང་རྒྱུད་ཀྱི་ཁའེ་ཨེན་སིར་མཇུག་འགྲིལ་བ་རེད། ཀྲུང་གོའི་མཚོ་དམག་སྐམ་འཐབ་རུ་ཁག་དང་། ཨོ་སི་ཁྲུ་ལི་ཡའི་སྐམ་དམག ཨ་རིའི་སྐམ་དམག་དང་ཨ་རིའི་མཚོ་དམག་སྐམ་འཐབ་རུ་ཁག་བཅས་ཀྱི་རུ་མི་30ལས་མཉམ་བསྲེས་ཚོགས་ཆུང་གསུམ་གྲུབ་ནས་རི་ཁུལ་དམག་སྐྱོད་དང་། མཚོ་ཐོག་གྲུ་གཏོང་བ། གྲོག་རོང་བརྒྱུད་པ། ཆུ་རྒྱུན་དྲག་པོར་འཕྱོ་གཡེང་བྱེད་པ་སོགས་ཀྱི་མཉམ་འབྲེལ་སྦྱོང་བརྡར་བྱས་པ་རེད། དེ་ནི་ཨོ་སི་ཁྲུ་ལི་ཡར་ཐེངས་ལྔ་གཉེར་བའི“ཁོ་ཝ་ལི”མཉམ་འབྲེལ་སྦྱོང་བརྡར་ཡིན་པ་མ་ཟད། ཀྲུང་གོའི་མཚོ་དམག་སྐམ་འཐབ་རུ་ཁག་ཞུགས་ཐེངས་དང་པོ་དེའང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་མཚོ་དམག་སྐམ་འཐབ་རུ་ཁག་གི་ཚབ་བྱས་ནས་སྦྱོང་བརྡར་ནང་ཞུགས་མཁན་སྐྱེས་པའི་སྐམ་འཐབ་རུ་མི་8དང་བུད་མེད་སྐམ་འཐབ་རུ་མི་2ཀྱིས་སྦྱོང་བརྡར་བྱེད་པའི་ཁྲོད་རྩེར་སོན་གྱི་རྩལ་ནུས་དང་། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ། སྒོ་དབྱེ་དང་གདེང་ཚོད་ཆེ་བའི་མཚོན་ཚུལ་མངོན་པར་བྱས་པས་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་རེད།