འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།ཨ་རི་དང་རྒྱ་གར་གྱིས་ཐེངས་དང་པོར་2+2གླེང་མོལ་བྱས་ཤིང་། རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ཐད་
ཤུགས་སྣོན་བྱ་རྒྱུར་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རི་དང་རྒྱ་གར་གྱིས་ཐེངས་དང་པོར་2+2གླེང་མོལ་བྱས་ཤིང་། རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ཐད་
ཤུགས་སྣོན་བྱ་རྒྱུར་གྲོས་འཆམ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། ཨ་རི་དང་རྒྱ་གར་གྱིས་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པ་རུ་ཐེངས་དང་པོར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་ཞུགས་པའི་2+2གླེང་མོལ་ཚོགས་འདུ་འཚོགས་པ་རེད། ཕྱོགས་གཉིས་ཀྱིས་གླེང་མོལ་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུར་གྲོས་འཆམ་བྱུང་ཡོད་པ་བསྟན། 
    གླེང་མོལ་བྱེད་པའི་སྐབས་སུ། རྒྱ་གར་དང་ཨ་རི་གཉིས་ཀྱིས《བརྡ་འཕྲིན་དང་། མཉམ་འདུས། བདེ་འཇགས་སྐོར་གྱི་གྲོས་མཐུན་ཡི་གེ་》ལ་མིང་རྟགས་བཀོད་པ་དང་། གྲོས་མཐུན་ཡི་གེ་འདིར་ཨ་རིས་སྒྲིག་བཀོད་བྱས་པའི་རྩེར་སོན་པའི་གསང་སྡོམ་འཕྲིན་གཏོང་སྒྲིག་ཆས་རྒྱ་གར་གྱིས་བེད་སྤྱོད་ཆོག་པ་དང་། རྒྱ་གར་ལ་ཨ་རི་ནས་ཚན་རྩལ་མཐོ་བའི་མཚོན་ཆ་ནང་འདྲེན་བྱ་སའི་བགྲོད་ལམ་ཕྱེ་ཡོད།
     ཕྱོགས་གཉིས་ཀྱིས་གླེང་མོལ་བྱས་རྗེས་སུ་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་དུ། གྲོས་མཐུན་འདིའི་མིང་རྟགས་བཀོད་པ་དེས་རྒྱ་གར་གྱིས་ཨ་རིའི་རྩེར་སོན་པའི་འགོག་སྲུང་མ་ལག་དང་སྟེགས་བུ་བེད་སྤྱོད་ཆོག་པ་དང་། རྒྱལ་ཁབ་གཉིས་ཀྱིས་ད་དུང་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་སུ་མཉམ་ལས་ཐད་བགྲོ་གླེང་འགོ་རྩོམ་རྒྱུ་ཡིན་པ་བཤད། 
     ཕྱོགས་གཉིས་ཀྱིས་ད་དུང་བདེ་འཇགས་ཐད་གཏོང་འབྲེལ་བ་འཛུགས་རྒྱུ་ཡིན་པ་མ་ཟད། ད་དུང་2019ལོར་ཨ་རི་ལ་2+2གླེང་མོལ་ཐེངས་གཉིས་པ་སྤེལ་རྒྱུ་ཐག་བཅད། ཡིན་ན་ཡང་། རྒྱལ་ཁབ་གཉིས་ཀྱིས་གསལ་བསྒྲགས་ནང་དུ་རྒྱ་གར་གྱིས་དབྱི་རག་ནས་རྡོ་སྣུམ་དང་ཨུ་རུ་སུ་ནས་འཕུར་མདེལ་འགོག་སྲུང་མ་ལག་S-400ནང་འདྲེན་འཆར་གཞི་སོགས་ཀྱི་གནད་དོན་བཤད་མེད།