འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།སློབ་གསོ་པུའུ་ཡིས"སློབ་རའི་ནང་གི་དངུལ་བུན"གྱི་སྲོལ་ངན་བསྐྱར་དར་ལ་དོགས་ཟོན་དགོས་པ་བཏོན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། གསར་འགོད་པས་ཤེས་རྟོགས་བྱུང་གསལ་དུ། ཉེ་ཆར་དྲ་ཐོག་ཏུ་དངུལ་གཡར་བའི་སྟེགས་བུ་ཡིས་ལྟ་སྐུལ་དོ་དམ་ལས་གཡོལ་ཏེ། "དངུལ་བུན་བོགས་མར་གཏོང་བ"ཞེས་པ་མིང་བསྒྱུར་བའི་རྣམ་པ་ནས། མུ་མཐུད་དུ་སློབ་སྡོད་སློབ་མ་ལ་དངུལ་བུན་གཏོང་བའི་ལས་གཉེར་བཞིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། སློབ་གསོ་པུའུ་ཡི་གཞུང་ལས་ཐིང་གིས་བརྡ་ཐོ་བཏང་བ་སྟེ། ས་གནས་ཁག་གི་མཐོ་སློབ་ཁག་གིས་སྟོན་ཁའི་སློབ་འགོ་ཚུགས་པའི་སྔ་གཞུག་ཏུ་སློབ་རའི་ནང་གི་དྲ་རྒྱའི་ཡིད་རྟོན་དངུལ་བུན་གྱི་ཉེན་ཁ་ལ་དྲན་སྐུལ་སློབ་གསོ་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། 
     "སློབ་རའི་ནང་གི་དངུལ་བུན"ཞེས་པའི་མིང་བསྒྱུར་ནས། སླར་ཡང་སྲོལ་ངན་བསྐྱར་སྤེལ་ལ་འགོག་ཆེད། རྒྱ་ཆེའི་སློབ་མ་ལ་ཉེན་ཁ་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་བའི་སློབ་གསོ་བཏང་ནས། འགོག་སྲུང་ནུས་པ་ཇེ་མཐོར་གཏོང་དགོས་པ་སྟེ། བརྡ་ཐོ་ནང་དུ་ཁ་གསལ་བཏོན་དོན། དངུལ་རྩའི་བདེ་འཇགས་སློབ་གསོ་ཤུགས་ཇེ་ཆེར་གཏོང་བ་དང་། དངུལ་རྩའི་ཤེས་བྱ་སློབ་གསོའི་དཔེ་དེབ་རྩོམ་སྒྲིག དངུལ་རྩའི་བདེ་འཇགས་དང་འབྲེལ་བའི་སློབ་ཚན་འཛུགས་པ། དངུལ་རྩའི་ཤེས་བྱའི་སློབ་གསོ་བྱེད་སྒོ་སྤེལ་བ་བཅས་ལ་བརྒྱུད་ནས། སློབ་མ་ཚོ་ལ་དངུལ་རྩའི་ནོཪ་གཉེཪ་དང་དངུལ་རྩའི་བདེ་འཇགས་ཀྱི་འདུ་ཤེས་ཁྲིད་སྟོན་བྱས་ཏེ། སློབ་མའི་དངུལ་རྩའི་བདེ་འཇགས་འགོག་སྲུང་འདུ་ཤེས་དང་དངུལ་རྩའི་ནོར་གཉེར་ལག་ལེན་ནུས་ཤུགས་མཐོར་འདེགས་གཏོང་བར་རོགས་རམ་ཏན་ཏིག་བྱ་དགོས་པ་བཏོན་ཡོད།